ཀྲུང་གོ་བོད་ཀྱི་དྲ་བ།

ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་གིས་ཨོ་སི་ཁྲུ་ལི་ཡཱ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་ནང་ཞུགས་ན་ཁུལ་ཁོངས་ཀྱི་གཏན་འཇགས་ལ་ཕན་ཐོགས་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨོ་སི་ཁྲུ་ལི་ཡཱ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མགོ་གཙོའི་གྲོས་ཚོགས་དེ་ཚེས་བཅུ་བདུན་ཉིན་སྤེལ་རྒྱུར་ཐག་བཅད། ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་ཙོ་ཁི་ཡིས་མཐོ་རིམ་གྲོས་ཚོགས་ཀྱི་སྔོན་ལ་བཤད་རྒྱུར། ཨོ་སི་ཁྲུ་ལི་ཡཱ་དེ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་དགོས་ཟེར།

ཙོ་ཁི་ཡིས་ཚེས་བཅོ་ལྔ་ཉིན་ཧིན་རྡུ་ཉི་ཞི་ཡཱའི་ཝན་ཏན་ཞིང་ཆེན་དུ་ཨོ་སི་ཁྲུ་ལི་ཡཱའི་ཧྥེ་ཨར་ཧྥ་ཁི་སི་སྨྱན་བྱད་སྡེ་ཚོགས་ཀྱི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨོ་སི་ཁྲུ་ལི་ཡཱ་ཡིས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་འགོག་སྲུང་དང་། ཉོ་ཚོང་། བདེ་འཇགས་ཁྱབ་ཁོངས་བཅས་སུ་ནུས་པ་སྔར་ལས་ཆེན་པོ་འདོན་པའི་རེ་བ་ཡོད་ཟེར།

ཙོ་ཁི་ཡིས་བལྟས་ན་ཨོ་སི་ཁྲུ་ལི་ཡཱ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་ནང་ཞུགས་པ་ནི་ཇུས་གཞི་བཟང་བོ་ཞིག་ཡིན་པ་དང་། ཁུལ་ཁོངས་ཀྱི་དཔལ་འབྱོར་དང་ཆབ་སྲིད་ཀྱི་གཏན་འཇགས་ལ་ཕན་ཐོགས་ཡོད་པར་འདོད། དེ་ནི་ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་གིས་ཐོག་དང་པོར་རྣམ་འགྱུར་དེ་འདྲ་བསྟན་པ་རེད།

ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་ཐི་ཨིན་པུའུ་ཨར་གྱིས་བཤད་རྒྱུར། ཙོ་ཁི་ཡི་གཏམ་བཤད་དེས་རང་ཉིད་ཀྱི་སེམས་ལ་བརྩེ་བའི་དྲོད་ཀྱིས་ཁེངས་ཡོད་པར་བཤད་ཀྱང་། ཁོས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དོན་ནི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་ལས་དོན་ཡིན་པ་ནན་བཤད་བྱས།

ཐི་ཨིན་པུའུ་ཨར་གྱིས་བཤད་རྒྱུར། གལ་ཏེ་ཙོ་ཁི་ཡིས་རང་ཉིད་ལ་གྲོས་གཞི་དེ་བཏོན་ན། ཁོ་དང་གྲོས་མོལ་བྱེད་པར་རེ་སྒུ་བྱས་ཡོད་ཟེར།

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་གཅིག་སྟོང་དགུ་བརྒྱ་དོན་བཞིའི་ལོར་ཨོ་སི་ཁྲུ་ལི་ཡཱའི་བར་གྲོས་མོལ་གྲོགས་པོའི་འབྲེལ་བ་བཙུགས་པ་དང་། ད་ལྟ་ཨོ་སི་ཁྲུ་ལི་ཡཱའི་ཉོ་ཚོང་གྲོགས་པོ་གཉིས་པར་གྱུར་ཡོད་ལ། འཇར་པན་དང་ཡོ་རོབ་གླིང་མནའ་འབྲེལ། ཨ་མེ་རི་ཁ་སོགས་ཨོ་སི་ཁྲུ་ལི་ཡཱའི་སྲོལ་རྒྱུན་གྲོགས་པོ་རྣམས་ལས་བརྒལ་ཡོད།

ཨོ་སི་ཁྲུ་ལི་ཡཱ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་དེ་ལོ་གཉིས་ནང་ཐེངས་རེ་སྤེལ་བཞིན་ཡོད་པ་དང་། གྲོས་ཚོགས་ཐོག་མ་དེ་ཉིས་སྟོང་བཅུ་དྲུག་ལོར་ལའོ་ཝའོ་ཡི་རྒྱལ་ས་ཝན་ཞང་ནས་སྤེལ་བ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།