ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་དང་ཧན་གོའི་ཕྱི་འབྲེལ་བློན་ཆེན་གྱིས་ཝུན་ཙེ་ཡུན་གྱིས་འཇར་པན་དུ་འཚམས་འདྲི་བྱེད་པར་གྲོས་བསྡུར་བྱེད་པའི་ཐད་ནས་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་བཅུ་བདུན་ཉིན་ཨ་མེ་རི་ཁའི་ཝ་ཧྲིན་ཐོན་དུ་གྲོས་མོལ་བྱེད་པའི་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཧི་ཡེ་ཐེ་ལིང་དང་ཧན་གོའི་ཕྱི་འབྲེལ་བློན་ཆེན་ཁང་ཅིན་ཧི་གཉིས་ཀྱིས་ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་འཇར་པན་དུ་འཚམས་འདྲི་བྱེད་པའི་ཐད་གྲོས་བསྡུར་བྱེད་པར་གྲོས་འཆམ་བྱུང་། ཧན་གོའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅོ་བརྒྱད་ཉིན་དོན་དེ་ཁྱབ་སྒྲོག་བྱས་པ་རེད།

འཇར་པན་ཐུན་མོང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཧི་ཡེ་ཐེ་ལིང་གིས་ཟླ་བཞི་བའི་ཟླ་མཇུག་གི་ལྷོ་བྱང་མགོ་གཙོའི་གྲོས་མོལ་སྟེང་འཇར་པན་བ་བཙན་ཁྲིད་བྱས་པའི་གནད་དོན་གླེང་རྒྱུའི་རེ་བ་བཏོན་པ་དང་། ཁང་ཅིན་ཧི་ཡིས་བཙན་ཁྲིད་བྱས་པའི་གནད་དོན་ཐས་ནས་མཉམ་ལས་ཟབ་མོ་བྱེད་པར་ལན་སྟེར་རྒྱུ་རེད། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ད་རུང་ཁྲའོ་ཞན་ལ་ཚད་ཆེན་པོའི་གནོན་ཤུགས་སྟེར་དགོས་པར་འདོད།

ཧན་གོའི་སྲིད་གཞུང་གིས་ད་རུང་ལྷོ་བྱང་མགོ་གཙོའི་གྲོས་མོལ་དང་ཟླ་ལྔ་བའི་ནང་སྤེལ་རྒྱུ་ཡིན་པའི་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་གཙོའི་གྲོས་མོལ་གྱི་སྔ་གཞུག་ཏུ་ཨ་མེ་རི་ཁ་དང་ཧན་གོའི་མགོ་གཙོའི་གྲོས་མོལ་སྤེལ་བར་བསམ་བློ་གཏོང་བཞིན་ཡོད། ཧན་གོའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། སྣང་ཚུལ་ལས་མངོན་པ་ལྟར་ན་དུས་མཉམ་དུ་འཇར་པན་དང་ཧན་གོའི་མགོ་གཙོའི་གྲོས་མོལ་སྤེལ་ཡང་སྲིད་ཟེར།

ཝུན་ཙེ་ཡུན་གྱིས་དེའི་སྔོན་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་གྲོས་མོལ་བྱེད་པར་ཨ་མེ་རི་ཁ་དང་ཁྲའོ་ཞན་གཉིས་ཀྱི་བར་དུ་འདུམ་འགྲིག་བྱེད་བཞིན་ཡོད། ལྷོ་བྱང་དང་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་གཙོའི་གྲོས་མོལ་ལ་དངོས་ཡོད་ཀྱི་དོན་སྙིང་ཆེན་པོ་ལྡན་པས། འཇར་པན་ཡང་ཁྲའོ་ཞན་བར་གྲོས་མོལ་བྱེད་པར་སྤྲོ་བ་ཆེན་པོ་བྱུང་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།