ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཝུའུ་ཁི་ལན་གྱིས་ཝུའུ་ཁི་ལན་དུ་ཡོད་པའི་ཨུ་རུ་སིའི་སྤྱི་དམངས་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས་པར་བཀག་འགོག་བྱས་པ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས་བཅོ་བརྒྱད་ཉིན་གསར་འགོད་པས་བཏོན་པའི་དྲི་བར་ལེན་འདེབས་སྐབས་བསྟན་དོན། ཝུའུ་ཁི་ལན་གྱིས་ཝུའུ་ཁི་ལན་དུ་ཡོད་པའི་ཨུ་རུ་སིའི་སྤྱི་དམངས་གཞུང་ཚབ་ཁང་ནས་ཨུ་རུ་སིའི་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས་པར་བཀག་འགོག་བྱས་པ་ནི་མངོན་སུམ་འཛེམ་མེད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཅིག་རེད་ཟེར།

ཨུ་རུ་སི་ཡིས་ཚེས་བཅོ་བརྒྱད་ཉིན་ཙུང་ཐུང་གི་འདེམ་བསྐོའི་བྱ་འགུལ་སྤེལ། ཝུའུ་ཁི་ལན་དུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་གིས་ཚེས་བཅོ་བརྒྱད་ཉིན་བསྟན་དོན། ཝུའུ་ཁི་ལན་དུ་ཡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་དུ་འདེམ་ཤོག་འཕེན་ས་བཀོད་སྒྲིག་བྱས་ཡོད་པ་དང་། སྔ་དྲོའི་དུས་ཚོད་བརྒྱད་ནས་དུས་ལྟར་འདེམ་ཤོག་འཕེན་མགོ་བརྩམས་ཏེ། ཕྱི་འབྲེལ་དཔོན་པོ་རྣམས་ཀྱིས་རྒྱུན་ལྡན་ལྟར་འདེམ་ཤོག་འཕེན་བཞིན་ཡོད་ཀྱང་། ཝུའུ་ཁི་ལན་དུ་ཡོད་པའི་ཨུ་རུ་སིའི་སྤྱི་དམངས་གཞུང་ཚབ་ཁང་དུ་ཡོང་ནས་འདེམ་ཤོག་འཕེན་ཐབས་མེད་ཟེར།

ཉིན་དེར་ཝུའུ་ཁི་ལན་ནང་སྲིད་པུའུ་ཡིས་བདེ་སྲུང་མི་སྣ་མང་བོ་མངག་ནས་ཝུའུ་ཁི་ལན་དུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་སྲུང་བ་དང་། མིང་ཐོའི་ནང་ཡོད་པའི་ཨུ་རུ་སིའི་ཕྱི་འབྲེལ་མི་སྣ་ཁོ་ན་མ་གཏོགས་གཞན་ཚང་མར་བཀག་འགོག་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།