ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་ཞིབ་དཔྱོད་ཕྱོགས་ཀྱིས་སྔོན་ཆད་ཀྱི་ཙུང་ཐུང་ལིས་མེན་པའོ་འཛིན་བཟུང་བྱེད་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོའི་ཧྲིག་ཨར་ཀྲུང་དབྱང་ས་གནས་ཞིབ་དཔྱོད་ཐིན་གྱིས་ཚེས་བཅུ་དགུའི་ཉིན་ཁྲིམས་ཁང་ལ་སྔོན་ཆད་ཀྱི་ཙུང་ཐུང་ལིས་མེན་པའོ་འཛིན་བཟུང་བྱེད་པའི་རེ་བ་བཏོན་པ་དང་། ཁྲིམས་ཁང་གིས་གྲོས་ཞིབ་བྱས་ཏེ་ལིས་མེན་པའོ་འཛིན་བཟུང་བྱེད་པའི་བཀའ་རྒྱ་གཏོང་མིན་ཐག་གཅོད་བྱེད་རྒྱུ་རེད། རྒྱུས་ལོན་བྱུང་བ་ལྟར་ན། ཧན་གོའི་ཁྲིམས་ཁང་གིས་ཆེས་སྔ་ན་ཚེས་ཉེར་གཅིག་ཉིན་ཐག་གཅོད་བྱེད་རྒྱུ་རེད།

ཞིབ་དཔྱོད་ཕྱོགས་ཀྱིས་ཁྲིམས་ཁང་ལ་སྤྲད་པའི་འཛིན་བཟུང་རེ་ཞུ་ལྟར་ན། ལིས་མེན་པའོ་བསྡོམས་པས་ལྐོག་རྔན་བླངས་པ་དང་གཞུང་རྒྱུ་བཀོལ་བ། དཔྱ་ཁྲལ་མ་འཇལ་བ། འགན་དབང་གང་འདོད་དུ་བཀོལ་བ་སོགས་ཉེས་མིང་བཅུ་གཉིས་ལ་འབྲེལ་བ་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།