ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་དང་པུར་ཀ་རི་ཡཱའི་མགོ་ཁྲིད་པས་ཕྱོགས་གཉིས་ཀྱིས་འབྲེལ་བར་ཤུགས་སྣོན་པར་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་ཉེར་གཉིས་ཉིན་འཚམས་འདྲིར་ཡོང་བར་པུར་ཀ་རི་ཡཱའི་ཙུང་ཐུང་ལཱ་ཏི་ཧྥུའུ་ལ་ཐུག་འཕྲད་བྱས། ཕྱོགས་གཉིས་ཀྱིས་ཇི་ལྟར་ཚན་རྩལ་དང་གསར་གཏོད། ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་གྲོས་བསྡུར་བྱས།

ཉིན་དེར་དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། དབྱི་སི་རལ་གྱིས་པུར་ཀ་རི་ཡཱ་གྲོགས་པོ་བཟང་བོར་བརྩིས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བཟང་ཞིང་། ཁྱབ་ཁོངས་སོ་སོའི་བྱེད་ཐབས་མང་བོར་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྲ་བརྟན་དུ་གཏོང་བཞིན་ཡོད་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བསྟན་དོན། དབྱི་སི་རལ་དྲ་རྒྱའི་བདེ་འཇགས་སོགས་ཚན་རྩལ་ཞིབ་འཇུག་དང་ལག་རྩལ་བེད་སྤྱོད་ཐད་ནས་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་བསླེབ་ཡོད་པ་དང་། ང་ཚོས་གྲོགས་པོ་དང་མཉམ་སྤྱོད་བྱེད་འདོད་ཡོད་ཟེར།

ལཱ་ཏི་ཧྥུའུ་ཡིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་དངོས་གཉེར་གྱི་འགུལ་སྐྱོད་གང་མང་དགོས་པ་དང་། པུར་ཀ་རི་ཡཱ་ཡིས་དབྱི་སི་རལ་གྱི་ཚན་རྩལ་དང་ཚན་རིག སློབ་གསོ་སོགས་བཅས་ཀྱི་ཉམས་མྱོང་དཔེ་རུ་ལེན་པའི་རེ་བ་ཡོད་ཟེར།

ལཱ་ཏི་ཧྥུའུ་ཡིས་བཤད་རྒྱུར། པུར་ཀ་རི་ཡཱ་དང་དབྱི་སི་རལ་གྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཁྱབ་ཁོངས་སུ་མཉམ་ལས་བཟང་བོ་བྱེད་བཞིན་ཡོད་པ་དང་། དེང་སྐབས་འཛམ་གླིང་གི་ཛ་དྲག་གནས་བབ་ལ་གཞིགས་ན་བདེ་འཇགས་ལས་ཁུངས་བར་མཉམ་ལས་བྱེད་དགོས་ཟེར།

ཚེས་ཉེར་གཅིག་ཉིན་ལཱ་ཏི་ཧྥུའུ་ཡིས་དབྱི་སི་རལ་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་པེ་ལཱ་ཞེ་པཱ་ཡི་དྲ་རྒྱའི་བདེ་འཇགས་ལྟེ་གནས་ལ་ལྟ་སྐོར་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།