ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་པཱ་སི་ཡིས་གྲོས་མོལ་གྱི་ཐབས་ལ་བརྟེན་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེ་མངོན་འགྱུར་བྱེད་པ་རྒྱུན་འཁྱོངས་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ལེ་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་པཱ་སི་ཡིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་གྲོས་མོལ་གྱི་ཐབས་ལ་བརྟེན་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེ་མངོན་འགྱུར་བྱེད་པ་རྒྱུན་འཁྱོངས་བྱེད་བཞིན་ཡོད་ཀྱང་། རྒྱལ་སྤྱིའི་རྩ་དོན་དང་འགལ་བའི་ཇུས་གཞི་གང་རུང་དང་ལེན་བྱེད་མི་སྲིད་ཟེར།

ཨ་པཱ་སི་ཡིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་ནས་འཚམས་འདྲིར་ཡོང་བའི་པུར་ཀ་རི་ཡཱའི་ཙུང་ཐུང་ལཱ་ཏི་ཧྥུའུ་ལ་ཐུག་འཕྲད་བྱས་རྗེས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་ནན་གྱིས་བསྟན་དོན། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཞི་བའི་གྲོས་མོལ་བྱེད་པར་ནམ་ཡང་བཀག་འགོག་བྱས་མྱོང་མེད་ལ། དུས་ངེས་མེད་དུ་གྲོས་མོལ་སླར་གསོ་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར།

ཨ་པཱ་སི་ཡིས་བཤད་རྒྱུར། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ད་ལོའི་ལོ་དཀྱིལ་ཕཱ་ལེ་སི་ཐན་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་བསྡུས་ཏེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འགལ་བ་ཐག་གཅོད་བྱེད་པའི་རྒྱལ་སྤྱིའི་ཕྱོགས་མང་རྐྱེན་སྲོལ་ཞིག་བཙུགས་ཤིང་རྒྱལ་སྤྱིའི་རྩ་དོན་གཞིར་བཟུང་ནས། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་ཞི་བའི་གྲོས་མཐུན་འགོད་པར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།

ལཱ་ཏི་ཧྥུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་དེ་མིག་སྔར་དཀའ་ཁག་དང་རྙོག་འཛིང་གི་དུས་སྐབས་ཤིག་ཏུ་བསླེབ་ཡོད་ལ། དུས་ངེས་མེད་དུ་འགས་གཏོར་གྱི་ཉེན་ཁ་འབྱུང་སྲིད། པུར་ཀ་རི་ཡཱ་ཡིས་ཕཱ་ལེ་སི་ཐན་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་བཞིན་ཡོད་ཟེར།

ལཱ་ཏི་ཧྥུའུ་ཚེས་ཉེར་གཉིས་ཉིན་ལཱ་མུའུ་ཨན་ལཱ་རུ་འབྱོར་ནས། ཕཱ་ལེ་སི་ཐན་རྒྱལ་ཁབ་ལ་དུས་ཡུན་ཉིན་གཅིག་གི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།