ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་ཧྥ་རན་སིའི་སྤྱི་དམངས་གཅིག་དང་སི་རི་ཡཱའི་མངའ་ཁོངས་ཀྱི་དྲག་ཆས་རྩ་འཛུགས་ཤིག་འཛམ་གླིང་ཡོངས་ཀྱི་འཇིགས་སྐུལ་ཉེས་ཅན་གྱི་མིང་ཐོའི་ནང་འཇོག་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་ཉེར་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ཧྥ་རན་སིའི་སྤྱི་དམངས་གཅིག་དང་སི་རི་ཡཱའི་མངའ་ཁོངས་ཀྱི་ཝུའུ་ཙི་པེ་ཁི་སི་ཐན་པའི་དྲག་ཆས་རྩ་འཛུགས་ཤིག་འཛམ་གླིང་ཡོངས་ཀྱི་འཇིགས་སྐུལ་ཉེས་ཅན་གྱི་མིང་ཐོའི་ནང་འཇོག་གརྒྱུ་ཡིན་ཟེར།

གསལ་སྒྲོག་ལས་ཧྥ་རན་སིའི་སྤྱི་དམངས་ཨ་སི་པའོ་མན་ནི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་རྫས་འགྱུར་མཚོན་ཆའི་ཆེད་མཁས་པ་ཡིན་ཞིང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སི་རི་ཡཱའི་མངའ་ཁོངས་ཀྱི་རྫས་འགྱུར་མཚོན་ཆའི་ཐོན་སྐྱེད་དང་བཀོད་སྒྲིག་ལ་ལྟ་རྟོག་བྱེད་པའི་འགན་ཁུར་ཡོད་པར་བཤད། གསལ་སྒྲོག་ལས་ད་རུང་སི་རི་ཡཱའི་མངའ་ཁོངས་ཀྱི་ཆེས་ཆེ་བའི་ཝུའུ་ཙི་པེ་ཁི་སི་ཐན་པའི་དྲག་ཆས་རྩ་འཛུགས་དབྱི་མཱ་མུའུ་པུའུ་ཧཱ་ལི་སྟོང་ཤོག་དེས་རྟེན་གཞིའི་རྩ་འཛུགས་ཀྱི་ཡན་ལག་རུ་ཁག་དང་མཉམ་དུ་འཐབ་འཁྲུག་བྱེད་བཞིན་ཡོད་ཟེར།

གསལ་སྒྲོག་ལྟར་ན། ཨ་སི་པའོ་མན་དང་དབྱི་མཱ་མུའུ་པུའུ་ཧཱ་ལི་སྟོང་ཤོག་གིས་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་སྤེལ་བའི་དབང་གིས་བཀག་སྡོམ་ཐེབས་སྲིད་པ་དང་། འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བཟོ་བར་འཆར་འགོད་བྱེད་པའི་ཐད་མཁོ་བའི་ཐོན་ཁུངས་རྩ་བ་ནས་གཅོད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།