ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་རང་དབང་ཉོ་ཚོང་ས་ཁུལ་གྱི་སྐོར་ཐེངས་བཅུ་གསུམ་པའི་གྲོས་མོལ་གྱི་དབུ་བཞུགས་གྲོས་མོལ་འཐུས་མིའི་གྲོས་ཚོགས་ཧྲིག་ཨར་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་རང་དབང་ཉོ་ཚོང་ས་ཁུལ་གྱི་སྐོར་ཐེངས་བཅུ་གསུམ་པའི་གྲོས་མོལ་གྱི་དབུ་བཞུགས་གྲོས་མོལ་འཐུས་མིའི་གྲོས་ཚོགས་ཚེས་ཉེར་གསུམ་ཉིན་ཧན་གོའི་ཧྲིག་ཨར་ནས་སྤེལ། ཀྲུང་གོའི་ཚོང་དོན་པུའུ་ཡི་པུའུ་ཀྲང་གཞོན་པ་དང་རྒྱལ་སྤྱིའི་ཉོ་ཚོང་གྲོས་མོལ་གྱི་འཐུས་མི་གཞོན་པའི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝང་ཧྲིག་ཝུན་དང་། འཇར་པན་ཕྱི་འབྲེལ་པུའུ་ཡི་ཕྱི་དོན་གྲོས་ཞིབ་དཔོན་པོ་ཧྲན་ཆི་ཧི་ཀྲི། ཧན་གོའི་ཐོན་ལས་ཚོང་འགྲིམ་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་ལས་རོགས་པ་ཅིན་རོང་སན་བཅས་ཀྱིས་སོ་སོར་འཐུས་ཚབ་ཚོགས་པ་ཁྲིད་དེ་གྲོས་ཚོགས་ལ་ཞུགས།

ཕྱོགས་གསུམ་གྱིས་གཅིག་གྱུར་སྒོས་བལྟས་ན། གང་མགྱོགས་སྒོས་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་རང་དབང་ཉོ་ཚོང་ས་ཁུལ་གྱི་གྲོས་མོལ་ཡོངས་འགྲུབ་བྱེད་པ་དེ་ཕྱོགས་གསུམ་གྱི་ཐུན་མོང་གི་ཁེ་ཕན་དང་འཚམ་པ་དང་། ས་ཁོངས་ཀྱི་དཔལ་འབྱོར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་ཨེ་ཤ་ཡཱ་ཤར་མ་ས་ཁུལ་གྱི་ཉོ་ཚོང་དངུལ་གཏོང་གི་རང་དབང་ཅན་དང་སྟབས་བདེ་ཅན་མངོན་འགྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན་པར་འདོད། ཕྱོགས་གསུམ་གྱིས་དངོས་ཟོང་ཉོ་ཚོང་དང་ཞབས་ཞུའི་ཉོ་ཚོང་། དངུལ་གཏོང་སོགས་ལ་ཇི་ལྟར་ཡར་སྐུལ་གཏོང་བའི་གྲོས་གཞི་གཙོ་བོའི་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས།

ཕྱོགས་གསུམ་གྱིས་དུས་མཉམ་དུ་ཞབས་ཞུའི་ཉོ་ཚོང་དང་གློག་འཕྲིན། དངུལ་ལོར་ཞབས་ཞུ་སོགས་བྱ་བའི་ཚན་ཆུང་གི་གྲོས་ཚོགས་བསྡུ་རྒྱུ་མ་ཟད། ཞབས་ཞུའི་ཉོ་ཚོང་གི་དོ་དམ་བྱེད་ཐབས་ཐད་ནས་ཕྱོགས་ཡོངས་ཞིབ་ཚགས་ཀྱི་སྲིད་ཇུས་བརྗེ་རེས་བྱེད་རྒྱུ་རེད།

ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་རང་དབང་ཉོ་ཚོང་ས་ཁུལ་གྱི་གྲོས་མོལ་དེ་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་གཅིག་པར་མགོ་བརྩམས་པ་དང་། ཕྱོགས་གསུམ་གྱིས་གྲོས་མོལ་ལ་མཐོང་ཆེན་བྱེད་ཅིང་། སྔ་མོ་ནས་ཕྱོགས་ཡོངས་ལ་ཁྱབ་པ་དང་ཆུ་ཚད་མཐོ་བ། ཀུན་ལ་ཕན་པ། ཐུན་མིན་གྱི་རིན་ཐང་ལྡན་པའི་རང་དབང་ཉོ་ཚོང་གྲོས་ཆོད་ཅིག་འགོད་པར་འབད་འབུངས་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།