ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་ནས་རང་སྲོག་གཅོད་པའི་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ་མི་བཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

这是3月23日在阿富汗赫尔曼德省首府拉什卡尔加市拍摄的袭击现场。.jpg

འདི་ནི་ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན་ཨ་ཧྥུའུ་ཧན་གྱི་ཧི་ཨར་མན་ཏི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ལཱ་ཧྲི་ཁཱ་ཨར་ཅཱ་གྲོང་ཁྱེར་གྱི་འགས་གཏོར་འཇབ་རྒོལ་བྱུང་སའི་ཡུལ་དངོས་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། རྒྱལ་ཁབ་དེའི་ལྷོ་ཕྱོགས་ཀྱི་ཧི་ཨར་མན་ཏི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ལཱ་ཧྲི་ཁཱ་ཨར་ཅཱ་ནས་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར་རང་སྲོག་གཅོད་པའི་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་སོ་ལྔར་རྨས་ཕོག

བསྒྲགས་པ་ལྟར་ན། ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་དེ་ལཱ་ཧྲི་ཁཱ་ཨར་ཅཱ་གྲོང་ཁྱེར་གྱི་ལུས་རྩལ་ར་བ་ཞིག་གི་ཉེ་འདབས་ནས་བྱུང་བ་དང་། དོན་རྐྱེན་བྱུང་སྐབས་མང་ཚོགས་མང་བོས་གནས་དེར་པའོ་སི་ལུགས་ཀྱི་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་ལུས་རྩལ་འགྲན་སྡུར་ལ་ལྟ་བཞིན་ཡོད།

མིག་སྔར་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།