ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱིས་མཉམ་ལས་རྒྱལ་སྤྱིའི་གླེང་སྟེགས་ཏུང་ཅིན་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་མཉམ་ལས་རྒྱལ་སྤྱིའི་གླེང་སྟེགས་ཚེས་བཅོ་བརྒྱད་ཉིན་འཇར་པན་ཏུང་ཅིན་ནས་སྤེལ།

རྒྱལ་ཁབ་གསུམ་གྱི་མཉམ་ལས་དྲུང་ཡིག་ཁྲུའུ་ཡི་དྲུང་ཡིག་ཆེན་མོ་ལིས་ཀྲུང་ཞན་གྱིས་མགོ་རྩོམ་པའི་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། མཉམ་ལས་ལ་ཤུགས་སྣོན་བྱེད་པ་ནི་རྒྱལ་ཁབ་གསུམ་གྱི་དུས་ཡུན་རིང་བོར་རེ་བསྙེག་བྱེད་པའི་རེ་འདུན་ཡིན་པ་དང་། རྒྱལ་ཁབ་གསུམ་གྱིས་རྒྱུན་ཆད་མེད་པར་འབད་བརྩོན་བྱས་ཏེ་བརྗེ་རེས་ལ་བརྟེན་ནས་ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གསུམ་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གཏོང་དགོས་ཟེར།

རྒྱལ་ཁབ་གསུམ་གྱི་མཉམ་ལས་རྒྱལ་སྤྱིའི་གླེང་སྟེགས་དེ་རྒྱལ་ཁབ་གསུམ་གྱི་མཉམ་ལས་དྲུང་ཡིག་ཁྲུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། ཐེངས་འདིའི་གླེང་སྟེགས་ཀྱི་བརྗོད་སྙིང་ནི་རྒྱལ་ཁབ་གསུམ་གྱི་མཉམ་ལས་ཀྱི་ལེའུ་གསར་བ་མགོ་རྩོམ་པ་སྟེ། ལོ་བཅུའི་ཕྱིར་དྲན་དང་ལོ་བཅུའི་རྒྱང་བལྟ་ཞེས་པ་དེ་ཡིན། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་ལས་རིགས་སོ་སོའི་མི་སྣ་སུམ་བརྒྱ་ལྷག་གླེང་སྟེགས་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།