ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་རྒྱལ་སའི་ལྷོ་ཕྱོགས་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ས་ཁོངས་སུ་དཔུང་འཇུག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན་རྒྱལ་ས་ཏཱ་མཱ་ཧྲི་ཀིའི་ལྷོ་ངོས་ས་ཁུལ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པའི་བར་འཁྲུག་རྩོད་དྲག་པོ་བྱས་ཏེ། ཐལ་སྤྱོད་རྩ་འཛུགས་ཀྱིས་ཚོད་འཛིན་བྱེད་པའི་ས་ཁོངས་ཁག་ཅིག་འཕྲོག་ལེན་བྱས་ཡོད་ཟེར།

བསྒྲགས་པ་ལྟར་ན། སྲིད་གཞུང་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པའི་བར་འཁྲུག་རྩོད་དྲག་པོ་བྱས་ཤིང་། ལམ་མང་བོ་ནས་ཏཱ་མཱ་ཧྲི་ཀིའི་ཕྱོགས་ངོས་ཀྱི་ཅཱ་ཏཱ་མུའུ་ས་ཁུལ་དུ་དཔུང་འཇུག་བྱས་ཏེ། ཡང་བསྐྱར་ཅཱ་ཏཱ་མུའུ་ཡི་ས་ཁོངས་ཁག་ཅིག་བདག་ཏུ་བཟུང་ཡོད་ཟེར།

སི་རི་ཡཱའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། སྲིད་གཞུང་དམག་དཔུང་མུ་མཐུད་དུ་མདུན་བསྐྱོད་བྱས་ཏེ། ཐོག་ཁང་མང་བོ་བདག་ཏུ་བཟུང་ནས་འཐབ་འཁྲུག་གི་གྲུབ་འབྲས་སྔར་ལས་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད་ཟེར། སྤྱི་ཁྱབ་པུའུ་དབྱིན་ཇི་རུ་ཡོད་པའི་སི་རི་ཡཱའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་བཤད་རྒྱུར། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཅཱ་ཏཱ་མུའུ་ས་ཁུལ་དང་ཧཱ་ཅེ་ཨར་ཨེ་སི་བོ་ཏི་གྲོང་རྡལ་ནས་ཐོག་ཁང་སྐོར་ཞིག་བདག་ཏུ་བཟུང་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།