ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་ཡང་བསྐྱར་གྲོས་བསྡུར་བྱེད་མི་རུང་བ་བསྐྱར་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་ཡང་བསྐྱར་གྲོས་བསྡུར་བྱེད་མི་རུང་བའི་ལངས་ཕྱོགས་བསྐྱར་སྒྲོག་བྱས། ཁོས་ནན་གྱིས་བསྟན་དོན། གལ་ཏེ་ཨ་མེ་རི་ཁས་མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དང་འགལ་བ་དང་མཇུག་མཐར་དེ་ལས་ཕྱིར་འབུད་པའི་བྱ་སྤྱོད་སྤེལ་ན། དབྱི་ལིང་གིས་རྒོལ་ལན་སྤྲོད་ངེས་ཡིན་ཟེར།

ཀྲ་ལི་ཧྥུའུ་ཡིས་ཉིན་དེར་དྲ་ཐོག་ཏུ་གཏམ་བཤད་བརྙན་རིས་སྤེལ། ཁོས་བཤད་རྒྱུར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་བསམ་འཆར་ཡོད་པས། ཡོ་རོབ་གླིང་གི་རྒྱལ་ཁབ་རེ་འགས་ཨ་མེ་རི་ཁར་ཀུ་ཡངས་གཏོང་རྒྱུར་འཐད་པ་བྱུང་ཡོད། ཡོ་རོབ་གླིང་གི་རྒྱལ་ཁབ་དག་གིས་གྲོས་མཐུན་གསར་བ་འགོད་པའི་གྲོས་གཞི་བཏོན་ཡོད་ཀྱང་། དེར་འབྲེལ་གྱི་ནང་དོན་ནི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དུ་ཐོག་མར་འདུས་མེད་པ་ཏག་ཏག་རེད་ཟེར།

ཀྲ་ལི་ཧྥུའུ་ཡིས་བཤད་རྒྱུར། ང་ཚོས་དབྱི་ལིང་གི་བདེ་འཇགས་དེ་མི་གཞན་པའི་ལག་ཏུ་སྤྲོད་མི་སྲིད་ལ། ང་ཚོས་ལག་བསྟར་བྱེད་བཞིན་པའི་གྲོས་མཐུན་ལ་ནང་དོན་ཁ་སྣོན་བྱེད་པར་གྲོས་མོལ་བྱེད་མི་སྲིད་ཟེར།

ཀྲ་ལི་ཧྥུའུ་ཡིས་བསྟན་དོན། གལ་ཏེ་ཨ་མེ་རི་ཁས་མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་འགལ་བའི་བྱ་སྤྱོད་སྤེལ་བའམ་མཇུག་མཐར་གྲོས་མཐུན་ལས་ཕྱིར་བུད་ན། དབྱི་ལིང་གིས་རང་ཉིད་ཀྱིས་གདམ་གསེས་བྱས་པའི་བྱེད་ཐབས་ཀྱིས་རྒོལ་ལན་སྤྲོད་ངེས་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།