ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་མང་ཚོགས་ཀྱིས་རྔམ་སྟོན་ཁྲོམ་སྐོར་བྱས་ནས་ཨ་མེ་རི་ཁ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་བུད་པར་ངོ་རྒོལ་བྱས།

    སྤེལ་དུས། : 2018-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

f9bc3ec5d20821eee81e2fe00353d72f.jpg

ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན། དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་ནས། མང་ཚོགས་ཀྱིས་ཨ་མེ་རི་ཁ་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་བུད་པར་ངོ་རྒོལ་བྱེད་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་མང་ཚོགས་སྟོང་ཕྲག་འགའ་ཡིས་ཚེས་བཅུ་གཅིག་ཉིན་རྒྱལ་ས་ཏི་ཧེ་ལན་ནས་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ་ཏེ། ཨ་མེ་རི་ཁ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་བུད་པར་ངོ་རྒོལ་བྱས།

ཉིན་དེའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་ཁྲོད། དབྱི་ལིང་མང་ཚོགས་ཀྱིས་ལག་ཏུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་སྲུང་སྐྱོབ་བྱེད་པ་དང་ས་ཁུལ་གྱི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པ། དབྱི་ལིང་ཕྱི་ཕྱོགས་ཀྱི་འཇིགས་ཉེན་ལ་མི་སྐྲག་པ་སོགས་ཀྱི་འཕྲེད་བྱང་བཟུང་སྟེ་ཁ་གཡང་མཐོན་པོར་བསྒྲགས།
རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་གྱི་རྩ་འཛུགས་མཁན་གྱིས་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། དབྱི་ལིང་མི་དམངས་ཀྱིས་ཨ་མེ་རི་ཁའི་གནོན་ཤུགས་གདོང་གིས་བསུས་ཏེ་མཐའ་གཅིག་ཏུ་རྒྱལ་ཁབ་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།

རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་ལ་ཞུགས་པའི་ཏི་ཧེ་ལན་སློབ་ཆེན་གྱི་རྒྱལ་སྤྱིའི་འབྲེལ་བའི་ཆེད་ལས་ཀྱི་སློབ་མ་ཨེ་མུས་ཧཱ་དབྱེ་ཡིས་གསར་འགོད་པར་བཤད་རྒྱུར། དབྱི་ལིང་གིས་ནམ་རྒྱུན་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་དགོངས་དོན་བརྩི་སྲུང་བྱེད་བཞིན་ཡོད་ཀྱང་། ཨ་མེ་རི་ཁས་གྲོས་མཐུན་གྱི་དགོངས་དོན་བསྐྱུར་ནས་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་གཏོར་བརླག་བྱས་པས། ང་ཚོའི་དཔའ་ཞུམ་མི་སྲིད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།