ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་དམག་ཕྱོགས་ཀྱིས་སི་རི་ཡཱའི་མངའ་ཁོངས་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འགོ་བ་ལྔ་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་ཚེས་བཅུ་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། དབྱི་རག་དམག་ཕྱོགས་ཀྱིས་ཉེ་སྔོན་སི་རི་ཡཱའི་མངའ་ཁོངས་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མཐོ་རིམ་འགོ་བ་ལྔ་འཛིན་བཟུང་བྱས་པ་དང་། དེའི་ནང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འགོ་ཁྲིད་པ་པཱ་ཀི་ཏཱ་ཏིས་ཀྱི་ལས་རོགས་པ་ཞིག་ཡོད་པ་རེད་ཟེར།

མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དབྱི་རག་དམག་ཕྱོགས་ཀྱིས་གསང་འཕྲིན་སྡེ་ཁག་གི་གནས་ཚུལ་གཞིར་བཟུང་སྟེ། སི་རི་ཡཱའི་མངའ་ཁོངས་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མཐོ་རིམ་འགོ་བ་ལྔ་འཛིན་བཟུང་བྱས། ཁོ་ཚོས་སྔོན་ཆད་ཨན་པཱ་ཨར་ཞིང་ཆེན་དང་མའོ་སུའུ་ཨར་གྲོང་ཁྱེར་དུ་འཇབ་རྒོལ་དོན་རྐྱེན་བཟོས་མྱོང་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། འཛིན་བཟུང་བྱས་པའི་པཱ་ཀི་ཏཱ་ཏིས་ཀྱི་ལས་རོགས་པ་དང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འཆར་འགོད་དཔྱད་འཇོག་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་དབྱེ་སཱ་ཧེ། ཡུག་ཧྥ་ལཱ་ཏིས་གཙང་བོ་ས་ཁུལ་གྱི་བདེ་འཇགས་སྤྱིའི་ལྟ་རྟོག་པ་ཧི་སེ་ཡུན་སོགས་འདུས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། མི་ལྔ་བོ་དེར་རྟོག་ཞིབ་བྱས་པའི་བརྒྱུད་རིམ་ཁྲོད་དུ་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། དབྱི་ལིང་གི་འཐབ་འཛིང་གནམ་གྲུས་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་ལ་འཇབ་རྒོལ་བྱས་པ་དང་། འགོ་བ་བཞི་བཅུ་ལྷག་བསད། གསལ་སྒྲོག་ལས་བར་སྣང་འཇབ་རྒོལ་གྱི་དུས་ཚོད་གསལ་བོར་བསྒྲགས་མེད། དབྱི་རག་དམག་ཕྱོགས་ཀྱིས་དེའི་སྔོན་ཁྱབ་སྒྲོག་བྱས་པའི་གནས་ཚུལ་ལྟར་ན། ཟླ་བཞི་བའི་ཚེས་བཅུ་དགུའི་ཉིན། དབྱི་རག་མཁའ་དམག་གིས་སི་རི་ཡཱའི་མངའ་ཁོངས་ནས་དབྱི་སི་རལ་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་ལ་འཇབ་རྒོལ་བྱས་ཏེ། འཇིགས་སྐུལ་ཉེས་ཅན་སོ་དྲུག་བསད་ཟེར།

དབྱི་རག་གི་ཙུང་ལི་ཨ་པཱ་ཏིས་ཀྱིས་སྔོན་ཆད་བསྟན་དོན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་དབྱི་རག་དང་སི་རི་ཡཱ་ས་ཁུལ་གཉིས་ནས་ཕམ་ཉེས་ཆེན་པོ་མྱངས་ཡོད་ཀྱང་། དེའི་ལྷག་འཕྲོ་སྔར་བཞིན་སི་རི་ཡཱའི་ཤར་ཕྱོགས་ཀྱི་དབྱི་རག་དང་ཉེ་བའི་ས་ཁུལ་དུ་འགུལ་སྐྱོད་བྱེད་བཞིན་ཡོད། དབྱི་རག་གིས་མུ་མཐུད་དུ་སི་རི་ཡཱའི་མངའ་ཁོངས་སུ་བར་སྣང་འཇབ་རྒོལ་བྱས་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཚར་གཅོད་བྱས་ནས་རྩ་འཛུགས་དེ་འདས་ལོག་བྱེད་པར་སྔོན་འགོག་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།