ཀྲུང་གོ་བོད་ཀྱི་དྲ་བ།

སེར་ཝེ་ཡཱའི་གནམ་གྲུ་ཆུང་བ་ཞིག་སར་ལྷུང་ནས་མི་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སེར་ཝེ་ཡཱའི་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ཚེས་བཅུ་དྲུག་ཉིན་བསྒྲགས་པ་ལྟར་ན། གནམ་གྲུ་ཆུང་བ་ཞིག་ཉིན་དེའི་དགོང་མོར་སེར་ཝེ་ཡཱའི་རྒྱལ་ས་པེར་ཀི་ལེ་ཏི་བྱང་མཐའི་གནམ་གྲུ་ཐང་ཆུང་བ་ཞིག་ནས་སར་ལྷུང་སྟེ། གནམ་གྲུའི་སྟེང་གི་སྐྱེས་པ་ཞིག་དང་བུད་མེད་ཅིག་རྐྱེན་ལམ་དུ་ཤོར་ཟེར།

བསྒྲགས་པ་ལྟར་ན། མི་དེ་གཉིས་ཀྱིས་གནམ་གྲུ་ཆུང་བ་དེ་གཡར་ནས་མཚན་མོའི་མཛེས་ལྗོངས་ལ་བལྟ་འདོད་པ་རེད། གནམ་གྲུ་འཕུར་ནས་ཅང་མ་འགོར་བར་རྒྱུག་ལམ་དང་བར་ཐག་རྨིད་ལྔ་བཅུ་ཙམ་གྱི་མཚམས་སུ་སར་ལྷུང་བ་རེད།

ཉེན་རྟོག་ཕྱོགས་ཀྱིས་འདས་པོ་དེ་གཉིས་ཀྱི་ཐོབ་ཐང་གསལ་བོར་བསྒྲགས་མེད་ཀྱང་། བསྒྲགས་པའི་གནས་ཚུལ་ལྟར་ན། སྐྱེས་པ་དེ་ནི་འཕུར་རྩལ་ཁྲིད་པའི་དགེ་རྒན་ཞིག་རེད་ཟེར།

ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་བྱུང་སའི་ཡུལ་དངོས་བཀག་སྡོམ་བྱས་ཡོད་པ་དང་། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།