ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཧུའུ་སེ་དྲག་ཆས་མི་སྣ་བཞི་བཅུ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་བདེ་འཇགས་དམག་དཔུང་གིས་ཚེས་བཅུ་དྲུག་ཉིན་བསྒྲགས་པ་ལྟར་ན། འདས་པའི་དུས་ཚོད་ཉེར་བཞིའི་རིང་ཡེ་མིན་སྲིད་གཞུང་དམག་དཔུང་གིས་ནུབ་ཕྱོགས་ས་ཁུལ་ནས་ཉུང་མཐར་ཡང་ཧུའུ་སེ་དྲག་ཆས་པའི་མི་སྣ་བཞི་བཅུ་བསད་ཟེར།

ཡེ་མིན་བདེ་འཇགས་སྡེ་ཁག་གི་དཔོན་རིགས་ཤིག་གིས་གསར་འགོད་པར་བཤད་རྒྱུར། འདས་པའི་དུས་ཚོད་ཉེར་བཞིའི་རིང་ཡེ་མིན་སྲིད་གཞུང་དམག་དཔུང་གིས་སོ་ཏི་ཨ་རབ་ཀྱིས་སྣེ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་མཁའ་དམག་གི་རོགས་འདེགས་འོག ཧི་ཐེ་ཏཱ་ཞིང་ཆེན་དང་བཅས་པའི་ཡེ་མིན་ནུབ་ཕྱོགས་ཀྱི་མཚོ་འགྲམ་ས་ཁུལ་ནས་ཧུའུ་སེ་དྲག་ཆས་པར་དམིགས་པའི་གཞི་རྒྱ་ཆེ་བའི་དམག་དོན་འགུལ་སྐྱོད་སྤེལ་ཏེ། ཉུང་མཐར་ཡང་ཧུའུ་སེ་དྲག་ཆས་མི་སྣ་བཞི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། དྲག་ཆས་མི་སྣ་བཅུ་ཕྲག་འགའ་ལ་རྨས་ཕོག་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།