ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་དབྱི་ལིང་ཀྲུང་དབྱང་དངུལ་ཁང་གི་མགོ་བར་བཀག་སྡོམ་བྱས་པར་དབྱི་ལིང་གིས་རྒོལ་གཏམ་དྲག་པོ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁ་ཡིས་དབྱི་ལིང་ཀྲུང་དབྱང་དངུལ་ཁང་གི་མགོ་བ་སེ་དབྱེ་ཧྥུའུ་བཀག་སྡོམ་བྱེད་པའི་མིང་ཐོའི་ནང་བཞག་པར་རྒོལ་གཏམ་དྲག་པོ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁའི་བྱེད་ཐབས་དེས་འདས་པའི་ལོ་ངོ་བཅུ་ལྷག་གི་རིང་དབྱི་ལིང་ལ་དམིགས་པའི་འོས་འཚམ་མིན་པའི་བྱེད་ཐབས་དང་དགྲར་འཛིན་སྲིད་ཇུས་རྒྱུན་བསྐྱངས་ཡོད་ཟེར།

གསལ་སྒྲོག་ལས་བསྟན་དོན། དགྲར་འཛིན་སྲིད་ཇུས་དེས་ཨ་མེ་རི་ཁར་ཕན་ཐོགས་ཅི་ཡང་འབྱུང་མི་སྲིད་པ་དང་། དེ་ལས་ལྡོག་སྟེ་དབྱི་ལིང་རྒྱལ་ཁབ་དང་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ཀྱིས་ཨ་མེ་རི་ཁའི་བཀག་སྡོམ་ལ་ངོ་རྒོལ་བྱེད་པའི་ཆོད་སེམས་ཇེ་བརྟན་དུ་གཏོང་སྲིད་ཟེར།

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཚེས་བཅོ་ལྔ་ཉིན་དབྱི་ལིང་ཀྲུང་དབྱང་དངུལ་ཁང་གི་མགོ་བ་སེ་དབྱེ་ཧྥུའུ་དང་བཅས་པའི་མི་སྒེར་བཞི་དང་ཚོགས་པ་གཅིག་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། དབྱི་ལིང་གིས་ཉིན་རྒྱུན་རྒྱལ་སྤྱིའི་དངུལ་ལོར་མ་ལག་གང་འདོད་དུ་བཀོལ་སྤྱོད་བྱེད་པའི་བྱ་སྤྱོད་དང་ལེན་བྱེད་མི་སྲིད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།