ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་རྒྱལ་ཁབ་མང་བོས་མཉམ་དུ་ཨ་མེ་རི་ཁར་སྡོད་པའི་གཞུང་ཚབ་པ་ཕྱིར་འབོད་དགོས་པའི་གྲོས་གཞི་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཅུ་བདུན་ཉིན་ཕཱ་ལེ་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་མཱ་ལེ་ཅི་ཡིས་ཁེ་རོ་ནས་སྤེལ་བའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་སྟེང་དུ། ཨ་རབ་རྒྱལ་ཁབ་དག་གིས་མཉམ་དུ་ཨ་མེ་རི་ཁར་སྡོད་པའི་གཞུང་ཚབ་པ་ཕྱིར་བོས་ཏེ། ཨ་མེ་རི་ཁས་དབྱི་སི་རལ་དུ་སྡོད་པའི་གཞུང་ཚབ་ཁང་དེ་ཡེ་ལུའུ་སཱ་ལེམ་དུ་སྤོར་བར་ངོ་རྒོལ་བྱེད་དགོས་པའི་གྲོས་གཞི་བཏོན།

མཱ་ལེ་ཅི་ཡིས་བསྟན་དོན། ཨ་རབ་རྒྱལ་ཁབ་དག་གིས་ཨ་མེ་རི་ཁར་སྡོད་པའི་གཞུང་ཚབ་པ་མཉམ་དུ་ཕྱིར་བོས་ནས། ཨ་མེ་རི་ཁར་ཨ་རབ་རྒྱལ་ཁབ་དག་གིས་ཨ་མེ་རི་ཁའི་གཞུང་ཚབ་ཁང་ཡེ་ལུའུ་སཱ་ལེམ་དུ་སྤོར་བར་ངོ་རྒོལ་བྱེད་བཞིན་པའི་དྲན་སྐུལ་བྱེད་དགོས་ཟེར། ཁོས་ད་རུང་བསྟན་དོན། གཞུང་ཚབ་ཁང་དེ་ཡེ་ལུའུ་སཱ་ལེམ་དུ་སྤོར་བའི་བྱ་སྤྱོད་གང་ཡིན་ཡང་བཟོད་སྒོམ་བྱེད་ཐབས་མེད་པས། ཨ་རབ་རྒྱལ་ཁབ་དག་གིས་གཞུང་ཚབ་ཁང་སྤོར་བའི་རྒྱལ་ཁབ་དེ་དག་བར་གྱི་འབྲེལ་ཐག་གཅོད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།