ཀྲུང་གོ་བོད་ཀྱི་དྲ་བ།

ཁུ་པཱ་ཡི་འགྲུལ་སྐྱེལ་གནམ་གྲུ་ཞིག་སར་ལྷུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

76da6c88e7d69d8fefe7b94600552e80.jpg

ཟླ་ལྔ་བའི་ཚེས་བཅོ་བརྒྱད་ཉིན་ཁུ་པཱའི་ཧཱ་ཝ་ནཱའི་ཧི་སེ་མཱ་ཏིས་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཉེ་འདབས་ཀྱི་གནམ་གྲུ་སར་ལྷུང་སའི་ཡུལ་དངོས་རྣམ་པ།

2e66bbcef1d312d6b412001ed4768862.jpg

ཟླ་ལྔ་བའི་ཚེས་བཅོ་བརྒྱད་ཉིན་ཁུ་པཱའི་ཧཱ་ཝ་ནཱའི་ཧི་སེ་མཱ་ཏིས་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཉེ་འདབས་ཀྱི་གནམ་གྲུ་སར་ལྷུང་སའི་ཡུལ་དངོས་རྒུད་སྐྱོབ་མི་སྣས་བྱ་བ་སྤེལ་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁུ་པཱའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཁུ་པཱའི་མཁའ་འགྲུལ་ཀུང་ཟིའི་པའོ་ཡུན737རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཚེས་བཅོ་བརྒྱད་ཉིན་ཧཱ་ཝ་ནཱའི་ཧི་སེ་མཱ་ཏིས་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་འཕུར་ཏེ་ཅང་མ་འགོར་བར་སར་ལྷུང་། མིག་སྔར་ཤི་རྨས་ཐེབས་པའི་མི་གྲངས་གསལ་བོར་མི་ཤེས།

བསྒྲགས་པ་ལྟར་ན། གནམ་གྲུ་དེ་ཧཱ་ཝ་ནཱ་ནས་ཁུ་པཱའི་ཤར་ཕྱོགས་ཀྱི་ཨོ་ཨར་ཅིན་གྲོང་ཁྱེར་དུ་འཕུར་རྩིས་ཡོད་པ་དང་། སྐབས་ཐོག་དེར་གནམ་གྲུའི་སྟེང་འགྲུལ་བ་བརྒྱ་དང་བཞི་ཡོད་པ་རེད།

མིག་སྔར་སྲོག་ཉེན་ལས་ཐར་བའི་མི་གསུམ་བསྐྱབས་པ་དང་། ཁུ་པཱ་ཡིས་རྟོག་ཞིབ་ཨུ་ཡོན་ལྷན་ཁང་གི་བཙུགས་ཏེ་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།