ཀྲུང་གོ་བོད་ཀྱི་དྲ་བ།

ཝུན་ཙེ་ཡུན་དང་ཅིན་ཀྲིན་ཨིན་གྱིས་ཡང་བསྐྱར་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

928af647f6b422dfd9e367dd1109bd73.jpg

ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན། ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་པན་མིན་མགྲོན་ཁང་གི་ཁྲའོ་ཞན་ཕྱོགས་ཀྱི་གཅིག་གྱུར་ཁང་ནས་ཁྲའོ་ཞན་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་དང་གྲོས་མོལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཙུང་ཐུང་བཞུགས་ཤག་ཆིན་ཝ་ཐེ་ཡིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཉིན་དེའི་ཕྱི་དྲོར་པན་མིན་མགྲོན་ཁང་གི་ཁྲའོ་ཞན་ཕྱོགས་ཀྱི་གཅིག་གྱུར་ཁང་ནས་ཁྲའོ་ཞན་རྒྱལ་སྲིད་ཨུ་ཡོ་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་དང་གྲོས་མོལ་བྱས།

ཆིན་ཝ་ཐེ་རྒྱལ་དམངས་འབྲེལ་འདྲིས་ཀྱི་དབུ་བཞུགས་དྲུང་ཡིག་དབྱིན་ཡུང་ཚན་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཉིན་དེའི་ཕྱི་དྲོའི་དུས་ཚོད་གསུམ་ནས་དུས་ཚོད་ལྔའི་བར། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་གྲོས་མོལ་བྱས་ཏེ། པན་མིན་མགྲོན་ཁང་གི་བསྒྲགས་གཏམ་ལག་བསྟར་བྱེད་པ་དང་ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་ཁྲིད་པའི་གྲོས་མོལ་སོགས་དང་འབྲེལ་བའི་གནས་ཚུལ་ཐད་ནས་ལྷག་བསམ་རྣམ་དག་གིས་བསམ་འཆར་བརྗེ་རེས་བྱས།

ཧན་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་པ་ལྟར་ན། ཝུན་ཙེ་ཡུན་གྱིས་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་ཐེངས་འདིའི་གྲོས་མོལ་གྱི་མཇུག་འབྲས་ཁྱབ་སྒྲོག་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།