ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པའི་གྲོས་མོལ་དུས་ལྟར་སྤེལ་བར་རེ་སྒུག་བྱས་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་ཉེར་དྲུག་ཉིན་བསྟན་དོན། ཁོས་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་བར་གྱི་གྲོས་མོལ་དུས་ལྟར་སྤེལ་བར་རེ་སྒུག་བྱས་ཡོད་ཟེར།

ཐི་ལིང་ཕུའུ་ཡིས་ཉིན་དེའི་དགོང་མོར་ཨ་མེ་རི་ཁའི་ཕོ་བྲང་དཀར་པོ་ནས་གསར་འགོད་པར་བཤད་རྒྱུར། མིག་སྔར་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པའི་གྲོས་མོལ་དང་འབྲེལ་བའི་གྲ་སྒྲིག་བྱ་བ་བདེ་བླག་ངང་སྤེལ་བཞིན་ཡོད། ཨ་མེ་རི་ཁས་གྲོས་མོལ་དེ་ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་སིང་ག་ཕོར་ནས་སྤེལ་ཐུབ་པར་རེ་བ་བྱས་ཡོད་པ་དང་། རེ་འདུན་དེར་འགྱུར་ལྡོག་བྱུང་མེད་ཟེར།

ཉིན་དེའི་སྔ་དྲོར་ཕོ་བྲང་དཀར་པོས་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པའི་གྲོས་མོལ་ལ་གྲ་སྒྲིག་བྱེད་པའི་ཕོ་བྲང་དཀར་པོའི་སྔོན་མངག་རུ་ཁག་སྔར་གྱི་འཆར་གཞི་ལྟར་དུ་སིང་ག་ཕོར་འགྲོ་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།