ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོས་ཧན་གོ་དང་ཁྲའོ་ཞན་གྱི་མཐོ་རིམ་གྲོས་མོལ་ལ་གྲ་སྒྲིག་བྱེད་བཞིན་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་གཅིག་གྱུར་པུའུ་ཡི་མགྲིན་ཚབ་པ་པེ་ཐེ་ཞོན་གྱིས་ཚེས་ཉེར་བརྒྱད་ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཧན་གོ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པས་ཚེས་ཉེར་དྲུག་ཉིན་སྤེལ་བའི་གྲོས་མོལ་ཁྲོད་སྔ་མོ་ནས་པན་མིན་མགྲོན་ཁང་གི་བསྒྲགས་གཏམ་དངོས་འབེབ་བྱེད་རྒྱུ་བསྐྱར་སྒྲོག་བྱས་པར་མ་ཟད། ཟླ་དྲུག་པའི་ཚེས་གཅིག་ཉིན་ཧན་གོ་དང་ཁྲའོ་ཞན་གྱི་མཐོ་རིམ་གྲོས་མོལ་སྤེལ་བ་དང་། དེའི་རྗེས་སུ་བསྟུད་མར་དམག་དོན་དང་རྒྱ་གྲམ་དམར་པོ་ཚོགས་པའི་གྲོས་མོལ་སྤེལ་བར་ཐུན་མོང་གི་ལྟ་ཚུལ་བྱུང་།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།