ཀྲུང་གོ་བོད་ཀྱི་དྲ་བ།

ཁུན་ནེ་ཡཱ་ནས་གནམ་གྲུ་སར་ལྷུང་སྟེ་མི་བཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁུན་ནེ་ཡཱའི་དཔོན་རིགས་ཀྱིས་ཚེས་བདུན་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་མཁའ་འགྲུལ་ཀུང་ཟིའི་ཚེས་ལྔ་ཉིན་འབྲེལ་ཐག་ཆད་པའི་གནམ་གྲུ་དེ་སར་ལྷུང་བ་བདེན་དཔང་ཐོབ་ཡོད་པ་དང་། གནམ་གྲུའི་སྟེང་གི་མི་བཅུ་བོ་ཚང་མ་རྐྱེན་ལམ་དུ་ཤོར་ཟེར།

ཁུན་ནེ་ཡཱའི་འགྲིམ་འགྲུལ་པུའུ་ཡི་མཐོ་རིམ་དཔོན་པོ་མཱ་ལིན་ཅཱ་ཡིས་གསལ་སྒྲོག་སྤེལ་ཏེ། འབྲེལ་ཐག་ཆད་པའི་གནམ་གྲུའི་ཆག་རོ་ཚེས་བདུན་ཉིན་གྱི་ཞོགས་པར་ཨ་པའོ་ཏི་ཨར་རྒྱལ་སྤྱིའི་སྤྱི་གླིང་ས་ཁུལ་ནས་རྙེད་པ་དང་། སྔོག་བཤེར་རུ་ཁག་གནམ་གྲུ་སར་ལྷུང་སའི་ཡུལ་དངོས་སུ་འབྱོར་སྐབས་གནམ་གྲུའི་སྟེང་གི་མི་ཚང་མ་རྐྱེན་ལམ་དུ་ཤོར་ཡོད། མིག་སྔར་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད།

མཁའ་འགྲུལ་ཀུང་ཟི་ཡིས་ཀྱང་ཉིན་དེར་གསལ་སྒྲོག་སྤེལ་ཏེ། སར་ལྷུང་བའི་གནམ་གྲུའི་སྟེང་སྲོག་ཉེན་ལས་ཐར་བའི་མི་གཅིག་ཀྱང་མེད་ཟེར།

གསར་འགོད་པས་ཚེས་བདུན་ཉིན་ཁུན་ནེ་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། གནམ་གྲུ་དེའི་སྟེང་ཀྲུང་གོའི་སྤྱི་དམངས་མེད་ཟེར།

ཁུན་ནེ་ཡཱའི་སྔོག་བཤེར་མི་སྣས་བཤད་པ་ལྟར་ན། གནམ་གྲུའི་འཕུར་སྐྱོད་གཞི་གྲངས་གསོག་ཡོད་པའི་གཞི་གྲངས་སྒམ་ཆུང་དེ་རྙེད་ཡོད་པ་དང་། འདས་པོའི་བེམ་པོ་ཚང་མ་རྒྱལ་ས་ནེ་ལོ་པུས་རུ་བསྐྱལ་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།