ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་ཡེ་མིན་ནས་ལས་བྱེད་མི་སྣ་དོན་གཅིག་ཕྱིར་འཐེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་ཚེས་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། བདེ་འཇགས་འཇིགས་ཉེན་ཐེབས་པའི་དབང་གིས་རྩ་འཛུགས་དེས་ཡེ་མིན་དུ་བཅའ་སྡོད་བྱེད་པའི་ལས་བྱེད་མི་སྣ་དོན་གཅིག་ཕྱིར་འཐེན་བྱས་པ་དང་། དེ་ལས་ཕྱི་ནད་ཀྱི་གཤགས་བཅོས་དང་དག་གཙང་གི་ཆུ་དང་འབྲུ་རིགས་རོགས་སྐྱོར་འདོན་སྤྲོད་བྱེད་པ་སོགས་ཐད་ཀྱི་མི་ཆོས་རིང་ལུགས་ཀྱི་འགུལ་སྐྱོད་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་སྲིད་ཟེར།

རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། གཟའ་འཁོར་འགའི་ནང་རྩ་འཛུགས་དེའི་ཡེ་མིན་གྱི་འགུལ་སྐྱོད་ལ་ནམ་རྒྱུན་བར་ཆད་དང་འཇིགས་ཉེན་ཐེབས་པ་དང་། ཐད་ཀར་གྱི་དམིགས་འབེན་དུ་གྱུར་ཡོད་ལ། མི་ལ་ལས་ཐ་ན་རྩ་འཛུགས་དེ་འཁྲུག་རྩོད་ཁྲོད་བེད་སྤྱོད་བྱས་ཆོག་པའི་འགྱིག་རྡེའུ་ལྟ་བུར་ངོས་བཟུང་ཡོད། ཟླ་ངོ་གཉིས་ཀྱི་སྔོན། རྩ་འཛུགས་དེའི་ལས་བྱེད་མི་སྣ་གཅིག་དྲག་ཆས་ཉེས་ཅན་གྱིས་དམར་གསོད་བཏང་བ་དང་། ད་ལྟ་རྩ་འཛུགས་དེས་ཉེན་ཁ་སྔར་ལས་མང་བོ་ཁག་ཁུར་བྱེད་ཐབས་མེད་ཟེར།

གསལ་སྒྲོག་ལས་ཡེ་མིན་འཁྲུག་རྩོད་ཀྱི་འབྲེལ་ཡོད་ཕྱོགས་ཁག་སོ་སོས་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་ལ་དོན་དངོས་དང་མཐུན་པའི་སྟོབས་ལྡན་གྱི་འགན་སྲུང་འདོན་སྤྲོད་བྱས་ཏེ། རྩ་འཛུགས་དེས་མུ་མཐུད་དུ་ཡེ་མིན་ནས་འགུལ་སྐྱོད་སྤེལ་བར་ཆ་རྐྱེན་བསྐྲུན་དགོས་པའི་འབོད་སྐུལ་བཏང་།

ད་ལོའི་ཟླ་བཞི་བར། རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ལས་བྱེད་མི་སྣ་གཅིག་ཡེ་མིན་ལྷོ་ནུབ་ཕྱོགས་ཀྱི་ཐཱ་དབྱེ་ཙི་ཞིང་ཆེན་ནས་དྲག་ཆས་ཉེས་ཅན་གྱིས་བསད། དེའི་རྗེས་སུ་རྩ་འཛུས་དེས་ཡེ་མིན་གྱི་བྱ་བ་སྐོར་ཞིག་གནས་སྐབས་སུ་མཚམས་བཞག་མྱོང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།