ཀྲུང་གོ་བོད་ཀྱི་དྲ་བ།

མར་ཏའེ་ཝེ་ཡིས་ཟླ་དགུ་བར་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མར་ཏའེ་ཝེའི་ཙུང་ཐུང་བཞུགས་ཤག་གིས་ཚེས་བརྒྱད་ཉིན་གསར་འགོད་པར་བདེན་དཔང་བྱས་དོན། མར་ཏའེ་ཝེ་ཡིས་ད་ལོའི་ཟླ་དགུ་བའི་ཚེས་ཉེར་གསུམ་ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར།

མར་ཏའེ་ཝེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཙུང་ཐུང་གི་འདེམ་སྒུག་མི་སྣའི་མིང་ཐོ་དེ་ཟླ་བརྒྱད་པའི་ཚེས་དགུའི་ཉིན་དངོས་སུ་ཁྱབ་སྒྲོག་བྱེད་རྒྱུ་ཡིན་པ་དང་། མིག་སྔར་མར་ཏའེ་ཝེའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་འདེམ་དམངས་ཀྱི་ཐོ་འགོད་རེའུ་མིག་ལས་བཞིན་ཡོད་པར་མ་ཟད། འདེམ་ཤོག་འཕེན་སའི་ས་གནས་གཏན་འཁེལ་བྱེད་བཞིན་ཡོད་པ་རེད།

སྲིད་འཛིན་ཏང་མར་ཏའེ་ཝེའི་གོང་འཕེལ་ཏང་གིས་ཉེ་སྔོན་བསྟན་དོན། ད་ལྟའི་ཙུང་ཐུང་ཡཱ་མེན་གྱིས་ཏང་ཁག་དེའི་ཚབ་བྱས་ཏེ་ད་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་རེད་ཟེར།

མར་ཏའེ་ཝེའི་སྔོན་ཆད་ཀྱི་ཙུང་ཐུང་ནཱ་ཞེ་ཏི་ཡིས་དེའི་སྔོན་བསྟན་དོན། ངོ་རྒོལ་ཏང་མར་ཏའེ་ཝེ་དམངས་གཙོ་ཏང་གི་འགྲན་རྩོད་པའི་ཐོབ་ཐང་གིས་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ལ་ཞུགས་རྒྱུའི་ཚུལ་བསྟན་ཡང་། འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཁོའི་རེ་ཞུ་དང་ལེན་མ་བྱས།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།