ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་ཤར་ཕྱོགས་ས་ཁུལ་དུ་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་ཉེར་གསུམ་ལ་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ས་གནས་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་དགུའི་ཉིན་བསྟན་དོན། དབྱི་རག་ཤར་ཕྱོགས་ཀྱི་ཏིས་ཡཱ་ལཱ་ཞིང་ཆེན་གྱི་ཧཱ་ལེ་སི་གྲོང་རྡལ་གྱི་ཚོང་ར་ཞིག་ནས་ཉིན་དེར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་སེར་དཀྱུས་མ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་གསུམ་ལ་རྨས་ཕོག་ཟེར།

ཧཱ་ལེ་སི་གྲོང་རྡལ་སྲིད་གཞུང་གི་དཔོན་རིགས་ཀྱིས་བཤད་རྒྱུར། ཉིན་དེའི་དགོང་མོར། ཧཱ་ལེ་སི་གྲོང་རྡལ་གྱི་མི་མང་བོ་འདུས་སའི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་། མི་སྣར་ཤི་རྨས་ཐེབས་པ་ལས་གཞན་ད་རུང་ཚོང་ཁང་དང་རླངས་འཁོར་མང་བོར་གཏོར་བརླག་ཐེབས་ཡོད་ཟེར།

དབྱི་རག་བདེ་འཇགས་དམག་དཔུང་གིས་མུ་མཐུད་དུ་ཏིས་ཡཱ་ལཱ་ཞིང་ཆེན་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་གཙང་ཕྱགས་བྱེད་པའི་འགུལ་སྐྱོད་སྤེལ་བཞིན་ཡོད་ཀྱང་། དྲག་ཆས་ཉེས་ཅན་ལྷག་འཕྲོ་དག་ཞིང་ཆེན་དེའི་ཤར་ཕྱོགས་ས་ཁུལ་དང་དབྱི་ལིང་གི་འབྲེལ་མཚམས་ས་ཁུལ། ཏིས་ཡཱ་ལཱ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་པཱ་ཀུའུ་པེད་གྲོང་ཁྱེར་ནུབ་ཕྱོགས་དང་བྱང་ཕྱོགས་ས་ཁུལ་དུ་སྦས་སྐོང་བྱས་ཡོད་ལ། དུས་ངེས་མེད་དུ་འཇབ་རྒོལ་དོན་རྐྱེན་བཟོ་བཞིན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།