ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁཱ་ཐར་གྱི་མགོ་ཁྲིད་པ་ཐཱ་མུས་མུའུ་ཡིས་ཚེས་བཅོ་བརྒྱད་ཉིན་དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཕན་ཚུན་བར་གྱི་འབྲེལ་བར་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།
བསྒྲགས་པ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་དབྱི་སི་ལན་ཆོས་ལུགས་ཀྱི་སྨྱུང་གྲོལ་དུས་ཆེན་ཐད་ནས་ཕན་ཚུན་ལ་དུས་ཆེན་གྱི་འཚམས་འདྲི་བྱས་པ་དང་། ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས།
ཐཱ་མུས་མུའུ་ཡིས་ཁ་པར་གཏོང་སྐབས་བསྟན་དོན། ཁཱ་ཐར་དང་དབྱི་ལིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཟབ་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་བཀག་རྒྱ་ཅི་ཡང་མེད་པས། རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་སོ་སོའི་འཕེལ་རྒྱས་དང་ཕྱོགས་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་བྱེད་དགོས་ཟེར། ལུའུ་ཧཱ་ནེ་ཡིས་ཁ་པར་གཏོང་སྐབས་དབྱི་སི་ལན་རྒྱལ་ཁབ་དག་ཞི་བདེ་དང་མཐུན་སྒྲིལ་གྱི་ཕྱོགས་སུ་བསྐྱོད་དགོས་པའི་འབོད་སྐུལ་བཏང་།
ལུའུ་ཧཱ་ནེ་ཡིས་ཁ་པར་གཏོང་སྐབས་བསྟན་དོན། དབྱི་ལིང་གིས་སྔར་ལས་ལྷག་པའི་སྒོ་ནས་ཁཱ་ཐར་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན་ཟེར། ལུའུ་ཧཱ་ནེ་ཡིས་ནན་གྱིས་བསྟན་དོན། དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ནི་ཡུལ་དེའི་རྒྱལ་ཁབ་སོ་སོའི་ཁེ་ཕན་དང་འཚམ་པ་དང་། དབྱི་ལིང་གིས་མུ་མཐུད་དུ་ས་ཁུལ་གྱི་ལས་དོན་ཁྲོད་ཁཱ་ཐར་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།