ཀྲུང་གོ་བོད་ཀྱི་དྲ་བ།

ཁོ་ཐེ་ཏི་ཝོར་གྱི་དཔལ་འབྱོར་རྒྱལ་སར་དྲག་ཆར་གྱི་འཇིགས་པ་ཐེབས་ཏེ་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁོ་ཐེ་ཏི་ཝོར་གྱི་དཔལ་འབྱོར་རྒྱལ་ས་ཨ་པུས་རང་གྲོང་ཁྱེར་དུ་ཚེས་བཅོ་བརྒྱད་ཉིན་ནས་ཚེས་དགུའི་ཉིན་བར་དྲག་ཆར་གྱི་འཇིགས་པ་ཐེབས་ཏེ། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར།

ཁོ་ཐེ་ཏི་ཝོར་མེ་གསོད་སྡེ་ཁག་གིས་ཚེས་དགུའི་ཉིན་གྱི་སྔ་དྲོར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་སྤེལ་ཏེ། ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོ་ནས་ཚེས་བཅུ་དགུ་ཉིན་གྱི་ཞོགས་པའི་བར། ཨ་པུས་རང་བྱང་ངོས་ཀྱི་ཁི་ཁི་ཏིས་དང་ཨ་པའོ་ཝེར་སོགས་ས་ཁུལ་གྱི་སྡོད་ཁུལ་མང་བོར་དྲག་ཆར་བབས་པའི་དབང་གིས་ཁང་བར་རྡིབས་སྐྱོན་ཤོར་ནས་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། དྲག་ཆར་ལས་ཨ་པུས་རང་བྱང་ངོས་ས་ཁུལ་ཁང་བ་སྐོར་ཞིག་ཆུས་བསྣུབས་པ་དང་། གཞུང་ལམ་དང་ཟམ་པ་སོགས་རྨང་གཞིའི་སྒྲིག་ཆས་སྐོར་ཞིག་ལ་གཏོར་བརླག་ཐེབས། ཁོ་ཐེ་ཏི་ཝོར་སྲིད་གཞུང་གིས་རྒུད་སྐྱོབ་རུ་ཁག་རྩ་འཛུགས་བྱས་ཏེ་གནོད་ཐེབས་ས་ཁུལ་ནས་རྒུད་སྐྱོབ་བྱ་བ་སྤེལ་བར་མ་ཟད། ས་དེའི་མང་ཚོགས་རྣམས་བདེ་འཇགས་ངང་ཕྱིར་འཐེན་བྱེད་པར་རོགས་འདེགས་བྱས།

ཁོ་ཐེ་ཏི་ཝོར་གྱི་གནམ་གཤིས་རྟོག་དཔྱོད་སྡེ་ཁག་གིས་ཚོད་དཔག་བྱས་པ་ལྟར་ན། མ་འོངས་པའི་དུས་ཚོད་ཞེ་བརྒྱད་རིང་ཁོ་ཐེ་ཏི་ཝོར་ལྷོ་ངོས་ཀྱི་མཚོ་འགྲམ་ས་ཁུལ་དུ་མུ་མཐུད་དུ་དྲག་ཆར་འབབ་པའི་ནམ་ཟླ་འབྱུང་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།