ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཐའོ་ཝན་དང་ཨིར་ལན་གྱིས་ཡོ་རོབ་གླིང་མནའ་འབྲེལ་ནང་ཁུལ་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལི་ཐའོ་ཝན་གྱི་ཙུང་ཐུང་ཀི་ལི་པའོ་སི་ཁའེ་ཐི་ཡིས་ཚེས་བཅུ་དགུའི་ཉིན་རྒྱལ་ས་ཝེར་ཉིག་སི་ནས་འཚམས་འདྲིར་ཡོང་བའི་ཨིར་ལན་གྱི་ཙུང་ཐུང་ཞེ་ཅིན་སི་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་ནང་ཁུལ་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་འཐད་པ་བྱུང་།

ལི་ཐའོ་ཝན་གྱི་ཙུང་ཐུང་བཞུགས་ཤག་གིས་བསྒྲགས་པ་ལྟར་ན། མགོ་ཁྲིད་པ་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བ་དང་། ཡོ་རོབ་གླིང་མནའ་འབྲེལ་ནང་ཁུལ་གྱི་མཉམ་ལས། བདེ་འཇགས་གནད་དོན་སོགས་ཀྱི་ཐད་ནས་གྲོས་མོལ་བྱས། ཀི་ལི་པའོ་སི་ཁའེ་ཐི་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་གནས་སྤོར་སྡོད་དམངས་དང་དཔལ་འབྱོར། བདེ་འཇགས། དེ་མིན་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་ཁ་བྲལ་ལས་བྱུང་བའི་འགྲན་རྩོད་སོགས་གནད་དོན་ཐད་ནས་ལངས་ཕྱོགས་གཅིག་གྱུར་བྱུང་ཡོད་པ་དང་། ཕྱོགས་གཉིས་ཀྱིས་མཉམ་ལས་ལ་བརྟེན་ནས་གནད་དོན་དེ་དག་ཐག་གཅོད་བྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་ཁ་བྲལ་བའི་གནད་དོན་ཐད་ནས་རྒྱལ་ཁབ་གཉིས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་དང་དབྱིན་ཇི་ཡིས་འབྲེལ་བ་ཟབ་མོ་སྲུང་འཛིན་བྱེད་དགོས་པའི་འདོད་བློ་བཏོན། ལི་ཐའོ་ཝན་གྱིས་ཨིར་ལན་གྱི་ཡོ་རོབ་གླིང་ནང་ཁུལ་དུ་རྒྱལ་མཚམས་གསར་དུ་དགར་བའི་ལྟ་བར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།

ཞེ་ཅིན་སི་ཡིས་གྲོས་མོལ་བྱས་རྗེས་ལི་ཐའོ་ཝན་གྱི་གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨིར་ལན་དང་ལི་ཐའོ་ཝན་གྱི་མིག་སྔའི་འབྲེལ་བ་དེ་ཕྱོགས་གཉིས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་གྲོས་གཞིའི་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་པར་ཕན་ཐོགས་ཡོད། རྒྱལ་ཁབ་གཉིས་བར་དཔལ་འབྱོར་དང་རིག་གནས་སོགས་ཕྱོགས་མང་བོར་ཐུན་མོང་གི་ལྟ་ཚུལ་ཡོད་པ་དང་། མིག་སྔར་ཨིར་ལན་གྱི་སློབ་གྲྭ་གསུམ་དུ་ལི་ཐའོ་ཝན་སྐད་ཀྱི་སློབ་ཁྲིད་བཀོད་སྒྲིག་བྱས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།