ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་གྱིས་ཨ་མེ་རི་ཁའི་ཐོན་རྫས་ཁག་ཅིག་ལ་སྒོ་ཁྲལ་ཁ་སྣོན་བྱེད་རྒྱུ་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱ་གར་གསར་འགྱུར་ལས་རིགས་ཀྱིས་ཚེས་ཉེར་གཅིག་ཉིན་བསྒྲགས་པ་ལྟར་ན། རྒྱ་གར་གྱིས་ཟླ་བརྒྱད་པའི་ཚེས་བཞི་ཉིན་ནས་བཟུང་ཨ་མེ་རི་ཁའི་ཞིང་ཞོར་ཐོན་རྫས་དང་རྣོ་ལྕགས་ཐོན་རྫས་སྐོར་ཞིག་གི་ནང་འདྲེན་སྒོ་ཁྲལ་ཇེ་མཐོར་གཏོང་རྒྱུ་ཐག་བཅད་ཡོད་ཟེར།

བསྒྲགས་པ་ལྟར་ན། རྒྱ་གར་གྱིས་གཟའ་འཁོར་སྔོན་མར་འཛམ་གླིང་ཉོ་ཚོང་རྩ་འཛུགས་ལ་ཨ་མེ་རི་ཁའི་ཐོན་རྫས་སྣ་སུམ་ཅུར་སྒོ་ཁྲལ་ཁ་སྣོན་བྱེད་པའི་གྲོས་གཞི་སྤྲད་ཡོད་པ་དང་། དེ་ནང་སྲན་མ་དང་ཀུ་ཤུ་སོགས་ཞིང་ཞོར་ཐོན་རྫས་དང་འཛེར་རྟེན་སོགས་རྣོ་ལྕགས་ཐོན་རྫས་འདུས་ཡོད་པ་རེད།

ཨ་མེ་རི་ཁ་ནི་རྒྱ་གར་གྱི་ཆེས་ཆེ་བའི་ཕྱིར་གཏོང་ཚོང་ར་ཡིན་པ་དང་། རྒྱ་གར་གྱིས་ལོ་རེར་ཨ་མེ་རི་ཁར་རིན་ཐང་མེ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔའི་རྣོ་ལྕགས་དང་ཧ་ཡང་ཐོན་རྫས་ཕྱིར་གཏོང་བྱེད་བཞིན་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།