ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡིས་དབྱི་རག་བྱང་ཕྱོགས་ས་ཁུལ་དུ་གནས་སྐབས་ཀྱི་དམག་དོན་རྟེན་གཞི་བཅུ་གཅིག་བཙུགས་ཡོད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་ཙུང་ལི་ཡེ་ཨར་ཏི་ལེ་མུའུ་ཡིས་ཚེས་ཉེར་གཅིག་ཉིན་བསྟན་དོན། ཐུར་ཁེའི་དམག་དཔུང་གིས་མིག་སྔར་དབྱི་རག་བྱང་ཕྱོགས་ས་ཁུལ་དུ་གནས་སྐབས་ཀྱི་དམག་དོན་རྟེན་གཞི་བཅུ་གཅིག་བཙུགས་ཡོད་ཟེར།

ཡེ་ཨར་ཏི་ལེ་མུའུ་ཡིས་ཉིན་དེར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཐུར་ཁེའི་དམག་དཔུང་གིས་ཐེངས་མང་བོར་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་ཉེས་ཅན་གྱི་དབྱི་རག་བྱང་ཕྱོགས་ཀྱི་ཀན་ཏིས་ལེ་རི་ཁུལ་དུ་ཡོད་པའི་དམིགས་འབེན་ལ་མེ་སྒྱོགས་ཀྱི་འཇབ་རྒོལ་བྱས་ཡོད་ཟེར། ཡེ་ཨར་ཏི་ལེ་མུའུ་ཡིས་ཐུར་ཁེ་ཕྱོགས་ཀྱིས་ཁུའུ་ཨ་ཏི་བཟོ་བའི་ཏང་ལ་ཆམ་ཕབ་གཏོང་བའི་ཆོད་སེམས་བསྐྱར་སྒྲོག་བྱས་པ་དང་། ད་ལོའི་ཟླ་དང་པོར་སི་རི་ཡཱའི་ནུབ་བྱང་གི་ཨ་ཧྥུའུ་ལིན་གྱི་འགུལ་སྐྱོད་དང་འདྲ་བར་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་ཉེས་ཅན་ཀན་ཏིས་ལེ་རི་ཁུལ་ནས་གཙང་ཕྱགས་བྱེད་རྒྱུ་ཡིན་ཟེར།

ཟླ་འདིའི་ཚེས་བཅུ་གཅིག་ཉིན། ཐུར་ཁེའི་དམག་དཔུང་གིས་དབྱི་རག་བྱང་ཕྱོགས་ས་ཁུལ་དུ་རྒྱལ་ཁོངས་བརྒལ་བའི་དམག་དོན་འགུལ་སྐྱོད་སྤེལ་ཏེ། ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་མི་སྣར་ཆམ་ཕབ་བཏང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།