ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་ཀྲུང་དབྱང་པང་ནས་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་ཉུང་མཐར་ཡང་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱ་གར་ཀྲུང་དབྱང་པང་ནས་ཚེས་ཉེར་གཅིག་ཉིན་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་དྲུག་ལ་རྨས་ཕོག་ཟེར།

བསྒྲགས་པ་ལྟར་ན། འགྲིམ་འགྲུལ་དོན་རྐྱེན་དེ་ཀྲུང་དབྱང་པང་གི་ལྟེ་གནས་གྲོང་ཁྱེར་པའོ་ཕཱ་ཨར་བྱང་ངོས་ཀྱི་སྤྱི་ལེ་བཞི་བརྒྱ་དང་ལྔ་བཅུའི་མཚམས་སུ་ཡོད་པའི་མའོ་ལོས་ནཱ་ས་ཁུལ་ནས་བྱུང་བ་དང་། དོན་རྐྱེན་བྱུང་སྐབས་རྡོ་གསེག་དྲུད་པའི་དངོས་སྐྱེལ་རླངས་འཁོར་ཞིག་འགྲུལ་བ་དྲུད་ཡོད་པའི་རླངས་འཁོར་ཆུང་བ་ཞིག་ལ་ཐོ་བརྒྱབ་སྟེ། མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་དྲུག་ལ་རྨས་ཕོག་པ་རེད་ཟེར།

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། དོན་རྐྱེན་དེ་བྱུང་རྗེས་དོན་རྐྱེན་བཟོ་མཁན་གྱི་རླངས་འཁོར་ཁ་ལོ་བ་བྲོས་བྱོལ་བྱས་པ་དང་། མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།

གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། ཉེ་འདབས་ཀྱི་སྡོད་དམངས་དང་ཉེན་རྟོག་པས་དོན་རྐྱེན་བྱུང་རྗེས་རྒུད་སྐྱོབ་བྱ་བ་སྤེལ་བ་དང་། རྨས་མ་དག་མྱུར་མོར་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།