ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱིས་ཅོར་ཏན་ལ་མེ་སྒོར་དུང་ཕྱུར་གཅིག་གི་དངུལ་བུན་བྱིན་ནས་དཔལ་འབྱོར་བཅོས་བསྒྱུར་ལ་རྒྱབ་སྐྱོར་བྱེད་རྒྱུ་ཁས་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབུས་ཤར་དུ་འཚམས་འདྲི་བྱེད་བཞིན་པའི་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་ཉེར་གཅིག་ཉིན་ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པར་ཐུག་འཕྲད་བྱས་རྗེས་ཁྱབ་སྒྲོག་བྱས་དོན། འཇར་མན་གྱིས་ཅོར་ཏན་ལ་མེ་སྒོར་དུང་ཕྱུར་གཅིག་གི་དངུལ་བུན་འདོན་སྤྲོད་བྱས་ཏེ། ཅོར་ཏན་གྱི་དཔལ་འབྱོར་བཅོས་བསྒྱུར་ལ་རྒྱབ་སྐྱོར་བྱེད་པའི་ཐད་བཀོལ་རྒྱུ་ཡིན་ཟེར།

མའོ་ཁི་ཨར་གྱིས་ཉིན་དེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། འཇར་མན་གྱིས་ཅོར་ཏན་གྱི་མདུན་དུ་ལྷགས་པའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནོན་ཤུགས་གསལ་བོར་ཤེས་ཡོད་པ་དང་། དངུལ་བུན་དེས་ཅོར་ཏན་གྱིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་མཛུབ་སྟོན་འོག་དཔལ་འབྱོར་བཅོས་བསྒྱུར་ལ་ཡར་སྐུལ་གཏོང་བར་ཕན་ཐོགས་འབྱུང་སྲིད་ཟེར།

ཐེངས་འདིར་མེ་སྒོར་དུང་ཕྱུར་གཅིག་གི་དངུལ་བུན་འདོན་སྤྲོད་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་ལས་གཞན། འཇར་མན་གྱིས་ད་རུང་ད་ལོར་ཅོར་ཏན་ལ་ཡོ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བརྒྱད་ས་ཡ་བཞིའི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཐག་བཅད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།