ཀྲུང་གོ་བོད་ཀྱི་དྲ་བ།

བྱང་ཆིངས་རྩ་འཛུགས་ཀྱིས་དབྱི་རག་དང་ཨ་ཧྥུའུ་ཧན་གྱི་དམག་དོན་བཀོད་སྒྲིག་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ནང་ཁུལ་དུ་གནད་དོན་རེ་འགའི་ཐད་འགལ་བ་ཡོད་ཀྱང་། དབྱི་རག་དང་ཨ་ཧྥུའུ་ཧན་གྱི་དམག་དོན་བཀོད་སྒྲིག་ལ་ཤུགས་སྣོན་བྱས་ཏེ་འཇིགས་སྐུལ་སྟོབས་ཤུགས་ལ་ཆམ་ཕབ་གཏོང་དགོས་ཟེར།

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཚེས་ཉེར་གཅིག་ཉིན་ལོན་ཏོན་ནས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མཱེ་དང་གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱི་ནང་ཁུལ་དུ་གནས་སྤོར་སྡོད་དམངས་དང་དབྱི་ལིང་། ཉོ་ཚོང་བཅས་ཀྱི་གནད་དོན་ཐད་འགལ་བ་མི་ཉུང་བ་ཡོད་ཀྱང་། ང་ཚོས་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱེད་པར་འཐད་པ་བྱུང་ཡོད་ལ། སྔོན་ཆད་དང་འདྲ་བར་འགལ་བ་ཐག་གཅོད་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།

སི་ཐའོ་ཨར་ཐིན་པེ་ཀི་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཨ་མེ་རི་ཁ་དང་དབྱིན་ཇི་ཡིས་བྱང་ཆིངས་རྩ་འཛུགས་བར་གྱི་མཐུན་སྒྲིལ་སྲུང་འཛིན་བྱེད་རྒྱུ་ཁས་ལེན་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།