ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ལེ་ཞི་ཡཱའི་སྔོན་ཆད་ཀྱི་ཙུང་ལི་ནཱ་ཅི་པུའུ་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཱ་ལེ་ཞི་ཡཱའི་སྲིད་གཞུང་གིས་ཚེས་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། སྔོན་ཆད་ཀྱི་ཙུང་ལི་ནཱ་ཅི་པུའུ་མཱ་ལེ་ཞི་ཡཱའི་འཕེལ་རྒྱས་ཀུང་ཟི་ཞིག་གི་གྱོད་དོན་དང་འབྲེལ་བ་ཡོད་པས་འཛིན་བཟུང་བྱས་པ་དང་། ཚེས་བཞིའི་ཉིན་ཁོ་ལ་ཞུ་གཏུག་བྱེད་རྒྱུ་ཁྱབ་སྒྲོག་བྱས།

མཱ་ལེ་ཞི་ཡཱའི་ཀུང་ཟི་ཞིག་གི་དམིགས་བསལ་བྱ་བའི་ཚན་ཆུང་གིས་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། ནཱ་ཅི་པུའུ་ཚེས་གསུམ་ཉིན་གྱི་ཕྱི་དྲོར་ཅི་ལུང་ཕའོ་རུ་ཡོད་པའི་ཁྱིམ་ནས་འཛིན་བཟུང་བྱས་པ་དང་། ཚེས་བཞིའི་ཉིན་ཅི་ལུང་ཕའོ་ཁྲིམས་ཁང་ནས་ཞུ་གཏུག་བྱེད་རྒྱུ་རེད་ཟེར་ཡང་། གསལ་སྒྲོག་དེ་ལས་བྱེ་བྲག་གི་ཉེས་མིང་གསལ་བོར་བསྒྲགས་མེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།