ཀྲུང་གོ་བོད་ཀྱི་དྲ་བ།

འབྲུ་རིགས་དང་ཞིང་ལས་འཕེལ་རྒྱས་རྩ་འཛུགས་ཀྱིས་ནགས་ཚལ་ལ་རྒྱུན་མཐུད་དོ་དམ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་འཕེལ་རྒྱས་རྩ་འཛུགས་ཀྱིས་ཚེས་དྲུག་ཉིན་དབྱི་ཐཱ་ལེའི་རོ་མཱ་ནས་ཉིས་སྟོང་བཅོ་བརྒྱད་ལོའི་འཛམ་གླིང་ནགས་ཚལ་གནས་ཚུལ་ཞེས་པའི་སྙན་ཞུ་སྤེལ་ཏེ། འཛམ་གླིང་གི་ནགས་ཚལ་རྒྱ་ཁྱོན་ཉིན་རེ་བཞིན་ཇེ་ཆུང་དུ་འགྲོ་བཞིན་ཡོད་པ་དང་། རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་ཕྱོགས་བསྡུས་བྱེད་ཐབས་སྤྱད་དེ་ནགས་ཚལ་ལ་རྒྱུན་མཐུད་དོ་དམ་བྱས་ནས། སའི་གོ་ལ་དང་མིའི་རིགས་ལ་མི་མངོན་པའི་གཏོར་བརླག་རང་བཞིན་གྱི་མཇུག་འབྲས་བཟོ་བར་སྔོན་འགོག་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།