ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་དཔོན་རིགས་ཀྱིས་རྡོ་སྣུམ་ཕྱིར་གཏོང་ལ་ཨ་མེ་རི་ཁའི་བཀག་སྡོམ་འཇིགས་ཉེན་གྱི་ཤུགས་རྐྱེན་ཐེབས་མེད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་རྡོ་སྣུམ་པུའུ་ཀྲང་ཙན་ཅཱ་ནེ་ཡིས་ཉེ་སྔོན་བསྟན་དོན། ཨ་མེ་རི་ཁའི་བཀག་སྡོམ་འཇིགས་ཉེན་ཐེབས་ཀྱང་། དབྱི་ལིང་གི་རྡོ་སྣུམ་ཐོན་སྐྱེད་དང་ཕྱིར་གཏོང་ལ་འགྱུར་ལྡོག་ཆེན་པོ་བྱུང་མེད་ཟེར།

ཙན་ཅཱ་ནེ་ཡིས་བཤད་རྒྱུར། དབྱི་ལིང་གིས་ཨ་མེ་རི་ཁས་དབྱི་ལིང་གི་རྡོ་སྣུམ་ཕྱིར་འཚོང་ལ་བར་ཆད་བཟོ་རྩིས་བྱས་པར་ཕན་ནུས་ལྡན་པའི་ཐག་གཅོད་བྱེད་ཐབས་སྤྱད། མིག་སྔར་དབྱི་ལིང་གི་རྡོ་སྣུམ་ཕྱིར་གཏོང་ལ་ཤུགས་རྐྱེན་མི་ཐེབས་པར་བྱེད་པའི་བྱེད་ཐབས་དག་བདེ་བླག་ངང་ཡར་སྐུལ་གཏོང་བཞིན་ཡོད་ཟེར།

དེའི་སྔོན་ཙན་ཅཱ་ནེ་ཡིས་དྲ་ཐོག་ནས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་རྡོ་སྣུམ་ཐོན་སྐྱེད་རྒྱལ་ཁབ་སྐོར་ཞིག་གིས་རྡོ་སྣུམ་གྱི་ཐོན་ཚད་ཇེ་མང་དུ་གཏོང་བའི་རེ་བ་བཏོན་པར་མངོན་གསལ་གྱིས་སྐྱོན་འཛུགས་བྱས་པ་དང་། དེ་ནི་རྒྱལ་སྤྱིའི་རྡོ་སྣུམ་ཚོང་རའི་གཏན་འཇགས་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་ཅིག་རེད་ཟེར། ཙན་ཅཱ་ནེ་ཡིས་བསྟན་དོན། ཚོང་རའི་མཁོ་འདོན་དང་དགོས་མཁོའི་འབྲེལ་བ་ནི་རྡོ་སྣུམ་རིན་གོང་ཐག་གཅོད་བྱེད་པའི་རྩ་དོན་དང་རྨང་གཞི་ཡིན་ལ། ཆབ་སྲིད་རྒྱུ་རྐྱེན་གྱིས་ཚོང་རར་ཐེ་གཏོགས་བྱེད་མི་རུང་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།