ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་རིག་གནས་འཕེལ་རྒྱས་གླེང་སྟེགས་སྐབས་དྲུག་པ་ཕོ་ལན་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་རིག་གནས་འཕེལ་རྒྱས་གླེང་སྟེགས་སྐབས་དྲུག་པ་ཚེས་བཅུའི་ཉིན་ཕོ་ལན་བྱང་ཕྱོགས་ཀྱི་ཐའོ་ལོན་གནའ་མཁར་ནས་སྤེལ་མགོ་བརྩམས།

སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་སྙིང་ནི་ཤར་ནུབ་ཕྱོགས་རིག་གནས་དང་མིའི་རིགས་ཀྱི་ཐུན་མོང་ལས་དབང་ཚོགས་པའི་འཛུགས་སྐྲུན་ཞེས་པ་དེ་ཡིན་ལ། ཕོ་ལན་དང་རྒྱ་གར། མའོ་ཞི་ཁོ། མཱ་ལེ་ཞི་ཡཱ། ཧྥེ་ལེ་པེན། དབྱི་སི་རལ། ཧན་གོ། ཀྲུང་གོ་བཅས་རྒྱལ་ཁབ་ཀྱི་མཁས་པ་ལྔ་བཅུ་ལྷག་མཉམ་དུ་འཛོམས་ཏེ། འབྲེལ་ཡོད་གྲོས་གཞིར་ཞིབ་བསྡུར་བྱས།

ཕོ་ལན་མཚོ་འགྲམ་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁི་པའོ་ཞི་ཆི་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། མིའི་རིགས་ཀྱི་ཐུན་མོང་ལས་དབང་ཚོགས་པ་འཛུགས་པར་ལག་ལེན་སྟེང་གི་ཚོད་ལྟ་གང་ལེགས་དང་གཞུང་ལུགས་སྟེང་གི་འཚོལ་ཞིབ་དགོས་པར་མ་ཟད། རིགས་གཞུང་སྟེང་གི་སྟོབས་དང་ལྡན་པའི་རྒྱབ་སྐྱོར་ཡང་མཁོ། འཛམ་གླིང་གི་འཕེལ་རྒྱས་གོམ་སྟབས་ཉིན་རེ་བཞིན་ཇེ་མགྱོགས་ཡིན་པ་དང་། མིའི་རིགས་ཀྱི་ཐུན་མོང་ཚོགས་པའི་འཕེལ་རྒྱས་ཀྱང་དུས་རིམ་གསར་བ་ཞིག་ཏུ་བསླེབ་ཡོད། ཕོ་ལན་བྱང་ཕྱོགས་ཀྱི་གྲུ་ཁ་གཙོ་བོ་ཞིག་ཡིན་པའི་ཆ་ནས། མཚོ་འགྲམ་ཞིང་ཆེན་གྱིས་ཀྱང་རང་ཉིད་ལ་འཚམ་པའི་འཕེལ་རྒྱས་ལམ་བུ་གསར་གཏོད་བྱེད་པར་འཚོལ་ཞིབ་བྱེད་བཞིན་ཡོད་ཟེར།

ཐེངས་འདིའི་གླེང་སྟེགས་ནི་ཚོགས་ཡུན་ཉིན་གཉིས་ཡིན་པ་དང་གྲོས་ཚོགས་ལ་ཞུགས་མཁན་དག་གིས་གླེང་སྟེགས་ཀྱི་བརྗོད་སྙིང་ལ་དམིགས་ཏེ་གྲོས་བསྡུར་གང་ལེགས་བྱས། མིའི་རིགས་ཀྱི་ཐུན་མོང་ལས་དབང་ཚོགས་པ་དང་འཛམ་གླིང་ཡོངས་ཀྱི་མི་ཆོས་སོགས་གྲོས་གཞི་ལ་དམིགས་ཏེ་བློ་འདོན་ཇུས་འབུལ་བྱས་པར་མ་ཟད། རིགས་གཞུང་གི་རྒྱབ་སྐྱོར་འདོན་སྤྲོད་བྱས།

 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།