ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་གཞུང་ཕྱོགས་ཀྱིས་དྲག་ཆར་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་བརྒྱ་དང་དོན་དྲུག་ལ་འཕར་ཡོད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

7月11日,在日本广岛吴市天应町地区,警察挖掘被泥石流淹没的民居。.jpg

ཟླ7པའི་ཚེས11ཉིན། འཇར་པན་ཀོང་ཏའོ་ཝུའུ་ཧྲི་ཐེན་ཡུན་ཏེན་ས་ཁུལ་དུ། ཉེན་རྟོག་པས་རྡོ་གསེག་གི་འོག་ཏུ་མནན་པའི་སྡོད་ཁང་སློག་བཞིན་པ།

7月11日,在日本广岛吴市天应町地区,道路被泥石流淹没。.jpg

ཟླ7པའི་ཚེས11ཉིན་འཇར་པན་ཀོང་ཏའོ་ཝུའུ་ཧྲི་ཐེན་ཡུན་ཏེན་ས་ཁུལ་དུ། གཞུང་ལམ་འདམ་གསེག་གིས་བསྣུབས་འདུག་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་གཞུང་ཕྱོགས་ཀྱི་མགྲིན་ཚབ་དཔོན་པོ་ཅན་དབྱེ་ཝེ་ཡིས་ཚེས་བཅུ་གཅིག་ཉིན་ཏུང་ཅིན་ནས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཁྱབ་སྒྲོག་བྱས་དོན། མིག་སྔའི་བར་དུ། འཇར་པན་ནུབ་ཕྱོགས་ས་ཁུལ་དུ་དྲག་ཆར་གྱི་གནོད་འཚེ་བྱུང་བ་ལས་མི་བརྒྱ་དང་དོན་དྲུག་རྐྱེན་ལམ་དུ་ཤོར་ཟེར།

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་ཉིན་དེར་གནོད་ཐེབས་ས་ཁུལ་དུ་འབྱོར། ཁོས་ཀང་ཧྲན་རྫོང་ཚང་ཧྥུའུ་གྲོང་ཁྱེར་དུ་གནས་ཚུལ་ལ་རྟོག་ཞིབ་བྱས་རྗེས་ནན་གྱིས་བསྟན་དོན། སྲིད་གཞུང་གིས་གང་མགྱོགས་སྒོས་ཐེངས་འདིའི་གནོད་འཚེ་དེའི་ཚབས་ཆེན་རང་བཞིན་ལ་ངོས་འཛིན་བྱས་ཤིང་། རྒྱལ་ཁབ་ཀྱིས་གནོད་ཐེབས་ས་ཁུལ་གྱི་བསྐྱར་འཛུགས་ཐད་མ་དངུལ་རོགས་སྐྱོར་འདོན་སྤྲོད་བྱེད་དགོས། གནོད་ཐེབས་མང་ཚོགས་དག་གི་འཚོ་བ་སྔ་མོ་ནས་རྒྱུན་ལྡན་ཅན་དུ་བསྒྱུར་དགོས་པའི་རེ་བ་བཏོན།

ཚེས་བཅུ་གཅིག་ཉིན། གནོད་ཐེབས་ས་ཁུལ་ཁག་ཅིག་ཏུ་སྔར་བཞིན་ཆར་བ་འབབ་བཞིན་ཡོད། ཐེངས་འདིར་གནོད་འཚེ་ཐེབས་པ་ཆེས་ཚབས་ཆེ་བའི་ཀོང་ཏའོ་རྫོང་གི་རྫིང་བུ་མི་ཉུང་བ་ཞིག་འདམ་གསེག་ཁེགས་ནས་ཆུ་རགས་ཤོར་བའི་ཉེན་ཁ་ཡོད་པ་དང་། རྫོང་དེའི་ཧྥུའུ་ཧྲན་གྲོང་ཁྱེར་དང་ཀོང་ཏའོ་ཤར་མ་གྲོང་ཁྱེར་གྱིས་སྔ་གཞུག་ཏུ་ཉེན་ཁའི་ས་ཁུལ་གྱི་ཁྱིམ་ཚང་དག་ལ་ཉེན་ཡོལ་རེ་བ་བཏོན་ཡོད།

ཚེས་བཅུ་གཅིག་ཉིན་བསྒྲགས་པ་ལྟར་ན། ཐེངས་འདིའི་དྲག་ཆར་གྱི་གནོད་འཚེའི་ཁྲོད། འཇར་པན་གྱི་རྫོང་ཁག་བཅོ་ལྔའི་མི་སྟོང་བདུན་དང་ཉིས་བརྒྱ་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་ཉེན་ཡོལ་ཁང་དུ་སོང་ཡོད། ཁྱིམ་ཚང་འབུམ་གཉིས་དང་ཁྲི་བཞི་ལྷག་གི་འཐུང་ཆུ་ཆད་པ་རེད། ཀང་ཧྲན་རྫོང་གཅིག་པུར་ཁང་ཤར་ཁྲི་གཅིག་དང་སྟོང་བཞི་ཆུར་བསྣུབས་ཡོད་པ་རེད།

དེ་ནི་འཇར་པན་གྱི་ཉེ་བའི་ལོ་ངོ་སུམ་ཅུའི་རིང་གྱོང་གུད་ཐེབས་པ་ཆེས་ཚབས་ཆེ་བའི་དྲག་ཆར་གྱི་གནོད་འཚེ་ཞིག་ཡིན་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།