ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཙུང་ཐུང་བཞུགས་ཤག་གི་མགྲིན་ཚབ་པས་ཚོད་དཔག་བྱས་ན་དོགས་ཟོན་རྣམ་པ་མི་འགྱངས་པར་མཇུག་སྒྲིལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་བཞུགས་ཤག་གི་མགྲིན་ཚབ་པ་ཁཱ་ལིན་གྱིས་ཚེས་བཅུ་གསུམ་ཉིན་བསྟན་དོན། ཐུར་ཁེ་ཡིས་ལོ་གཉིས་ཙམ་ལ་ལག་བསྟར་བྱས་པའི་དོགས་ཟོན་རྣམ་པ་དེ་ཚོད་དཔག་བྱས་ན་ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན་མཇུག་སྒྲིལ་ཐུབ་ཟེར།

ཐུར་ཁེའི་ནེ་ཀི་གསར་བས་ཉིན་དེར་གྲོས་ཚོགས་ཐོག་མ་བསྡུས་པ་དང་། ཁཱ་ལིན་གྱིས་གྲོས་ཚོགས་མཇུག་སྒྲིལ་རྗེས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་གོང་གི་སྐད་ཆ་དེ་བཤད་པ་རེད། ཁཱ་ལིན་གྱིས་བཤད་རྒྱུར། མིག་སྔའི་གནས་བབ་ལ་གཞིགས་ན། དོགས་ཟོན་རྣམ་པ་དེ་ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན་མཇུག་སྒྲིལ་བའི་རེ་བ་ཡོད་ཟེར།

ཁཱ་ལིན་གྱིས་ད་རུང་བསྟན་དོན། དོགས་ཟོན་རྣམ་པ་མཇུག་སྒྲིལ་ཡང་འཇིགས་སྐུལ་ཉེས་ཅན་ལ་གོ་སྐབས་སྟེར་མི་སྲིད། གལ་ཏེ་ཐུར་ཁེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཇིགས་ཉེན་ཐེབས་ན། དོགས་ཟོན་རྣམ་པ་སླར་གསོ་བྱེད་ངེས་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།