ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་དབུས་ཕྱོགས་ཀྱི་དམག་དོན་དམིགས་འབེན་ཞིག་ལ་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་དབུས་ཕྱོགས་ཀྱི་ཧཱ་མཱ་ཞིང་ཆེན་གྱི་དམག་དོན་དམིགས་འབེན་ཞིག་ལ་ཚེས་ཉེར་གཉིས་ཉིན་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཐེབས་པ་དང་། མི་སྣར་ཤི་རྨས་ཐེབས་མེད་ཟེར།

སི་རི་ཡཱའི་དམག་ཕྱོགས་ཀྱི་འབྲེལ་ཡོད་མི་སྣས་བཤད་རྒྱུར། དབྱི་སི་རལ་གྱིས་ཉིན་དེར་ཧཱ་མཱ་ཞིང་ཆེན་གྱི་མེད་སི་ཡཱ་ཧྥུའུ་ས་ཁུལ་གྱི་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གི་དམག་དོན་བྱ་འགུལ་སྤེལ་ས་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཀྱང་། སྒྲིག་ཆས་ལ་གཏོར་བརླག་ཐེབས་པ་ཙམ་ལས་མི་སྣར་ཤི་རྨས་ཐེབས་མེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།