ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་གྱི་མ་གཉིས་དབྱི་སི་རལ་གྱི་དམག་མིས་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་གྱི་མི་དང་དབྱི་སི་རལ་གྱི་དམག་མིས་ཚེས་ཉེར་བདུན་ཉིན་ཅཱ་ཧྲ་ས་ཁུལ་གྱི་དབྱི་སི་རལ་དང་ཉེ་བའི་མཐའ་མཚམས་ས་ཁུལ་ནས་འཁྲུག་རྩོད་བྱས་པ་དང་། འཁྲུག་རྩོད་དེ་ལས་ཉུང་མཐར་ཡང་ཕཱ་ལེ་སི་ཐན་གྱི་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་ན་གཞོན་གཅིག་འདུས།

ཉིན་དེར་ཕཱ་ལེ་སི་ཐན་གྱི་མི་སྟོང་ཕྲག་འགའ་ཅཱ་ཧྲའི་མཐའ་མཚམས་ས་ཁུལ་དུ་འདུས་ཏེ་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ། མི་ལ་ལས་དབྱི་སི་རལ་ཕྱོགས་ལ་རྡོ་བས་བརྒྱབ་པ་དང་འབར་སྣུམ་ཅན་གྱི་དམ་བེ་གཡུགས། དབྱི་སི་རལ་གྱི་དམག་མིས་རྔམ་སྟོན་ཁྲོམ་སྐོར་བྱེད་པའི་མི་ཚོགས་ལ་དུད་འཕྱུར་འགད་རྫས་འཕངས་པར་མ་ཟད་མེ་མདས་བརྒྱབ་པ་རེད།

ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཅཱ་ཧྲ་ས་ཁུལ་གྱི་མགྲིན་ཚབ་པ་ཁཱ་ཏི་ལཱ་ཡིས་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་གྱི་མི་གཉིས་འཁྲུག་རྩོད་ཁྲོད་དབྱི་སི་རལ་གྱི་དམག་མིས་མེ་མདས་བརྒྱབ་སྟེ་བསད་པ་དང་པ་རེད། དེའི་ནང་མི་གཅིག་ལོ་བཅུ་གཉིས་ཡིན་ཟེར། ཁོས་བཤད་རྒྱུར། འཁྲུག་རྩོད་ལས་ད་རུང་ཕཱ་ལེ་སི་ཐན་གྱི་མི་ཉིས་བརྒྱ་དང་ཞེ་དྲུག་ལ་རྨས་ཕོག་ཡོད་པ་དང་། དེའི་ནང་མི་བཅུ་གཅིག་གི་རྨས་སྐྱོན་ཚབས་ཆེན་རེད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།