ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཙུང་ཐུང་གི་ཆེད་མངག་ཕོ་ཉས་སི་རི་ཡཱའི་ཡུལ་གྱར་བ་ཕྱིར་ཕ་ཡུལ་དུ་ལོག་པར་རོགས་རམ་བྱེད་པ་དེ་ཕྱོགས་སོ་སོའི་ཁེ་ཕན་དང་འཚམ་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་གི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་ལཱ་ཧྥུའུ་ལིན་ཅི་ཡེ་ཧྥུའུ་ཡིས་ཟླ་བདུན་པའི་ཚེས་སུམ་ཅུའི་ཉིན་བསྟན་དོན། སི་རི་ཡཱའི་ཡུལ་གྱར་བ་ཕྱིར་ཕ་ཡུལ་དུ་ལོག་པར་རོགས་རམ་བྱེད་པ་དེ་ཕྱོགས་སོ་སོའི་ཁེ་ཕན་དང་འཚམ་ཟེར།

སྐོར་ཐེངས་གསར་བའི་སི་རི་ཡཱའི་གནད་དོན་གྱི་ཞི་བའི་གྲོས་མོལ་དེ་ཉིན་དེར་ཨུ་རུ་སིའི་སོ་ཆི་ནས་སྤེལ་མགོ་བརྩམས་པ་དང་། ཚོགས་ཡུན་ཉིན་གཉིས་རེད། ལཱ་ཧྥུའུ་ལིན་ཅི་ཡེ་ཧྥུའུ་ཡིས་ཉིན་དེར་སོ་ཆི་ནས་བསྟན་དོན། སི་རི་ཡཱའི་ཡུལ་གྱར་བ་ཕྱིར་ཕ་ཡུལ་དུ་ལོག་པ་ནི་རང་འགུལ་ཡིན་པས། དེར་བཀག་འགོག་དང་བར་ཆད་བཟོ་མི་རུང་། སི་རི་ཡཱའི་ཡུལ་གྱར་བར་རོགས་རམ་བྱས་ཏེ་ཕྱིར་རང་གི་ཕ་ཡུལ་དུ་ལོག་པར་དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན་པ་དེ་ཡོ་རོབ་གླིང་གི་རྒྱལ་ཁབ་དང་བཅས་པའི་ཕྱོགས་སོ་སོའི་ཁེ་ཕན་དང་འཚམས་ཟེར།

སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་འཛུགས་པའི་གནད་དོན་གླེང་སྐབས། ལཱ་ཧྥུའུ་ལིན་ཅི་ཡེ་ཧྥུའུ་ཡིས་བཤད་རྒྱུར། གནད་དོན་དེ་ཐག་གཅོད་བྱེད་པའི་ཕྱོགས་སུ་འཕེལ་བཞིན་ཡོད་པ་དང་། དུས་རིམ་སྔོན་མའི་དུས་ཚོད་ནང་སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་སོ་སོར་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་འདེམ་སྒུག་མི་སྣའི་མིང་ཐོ་སྤྲད་ཡོད་ཟེར།

ལཱ་ཧྥུའུ་ལིན་ཅི་ཡེ་ཧྥུའུ་ཡིས་བཤད་རྒྱུར། སྐོར་ཐེངས་གསར་བའི་སི་རི་ཡཱའི་གནད་དོན་གྱི་ཞི་བའི་གྲོས་མོལ་གྱི་ཕྱོགས་ཁག་སོ་སོས་འཛུགས་སྐྲུན་རང་བཞིན་གྱི་སྙིང་སྟོབས་བཅངས་ཏེ་འཆར་གཞི་ལྟར་གྲོས་མོལ་བྱེད་དགོས་ཟེར། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་འཐུས་ཚབ་ཚོགས་པས་སི་རི་ཡཱའི་སྲིད་གཞུང་གི་འཐུས་ཚབ་ཚོགས་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མིར་གྲོས་མོལ་བྱེད་བཞིན་ཡོད། ཨུ་རུ་སི་དང་དབྱི་ལིང་། ཐུར་ཁེ་བཅས་ཀྱི་འཐུས་ཚབ་ཚོགས་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་ཏི་མུས་སི་ཐུའུ་ལཱ་ཡིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་ཕྱོགས་བཞིའི་གྲོས་མོལ་སྤེལ་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།