ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་གྱི་མང་ཚོགས་བརྒྱ་དང་ཞེ་གསུམ་གྱིས་མཉམ་དུ་འཇར་པན་གྱི་བདེ་སྲུང་བཅའ་ཁྲིམས་གསར་བ་དེ་རྩ་ཁྲིམས་དང་འགལ་ཡོད་པར་ཞུ་གཏུག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་མང་ཚོགས་བརྒྱ་དང་ཞེ་གསུམ་གྱིས་ཚེས་གཉིས་ཉིན་འཇར་པན་གྱི་བདེ་སྲུང་བཅའ་ཁྲིམས་གསར་བ་དེ་རྩ་ཁྲིམས་དང་འགལ་ཡོད་པའི་ཐད་ནས་མེན་ཀུའུ་བོ་ས་གནས་ཁྲིམས་ཁང་ལ་མཉམ་དུ་ཞུ་གཏུག་བྱས། 

ཁྲིམས་ཁང་ལ་སྤྲད་པའི་ཞུ་གཏུག་ཡི་གེའི་ནང་བཤད་རྒྱུར། བདེ་སྲུང་བཅའ་ཁྲིམས་གསར་བ་ལས་ཐུན་མོང་རང་སྲུང་དབང་ས་ལག་བསྟར་བྱས་ཆོག་པར་བྱས་ཏེ། འཇར་པན་ཡང་བསྐྱར་འཐབ་འཁྲུག་ཏུ་ཁྲིད་པ་དང་འཇིགས་སྐུལ་འཇབ་རྒོལ་གྱི་ཉེན་ཁ་ཇེ་ཆེར་བཏང་ཡོད། དེ་ལས་མང་ཚོགས་རྣམས་ཞི་བདེ་ངང་འཚོ་སྡོད་བྱེད་པའི་དབང་ཆར་གནོད་སྐྱེལ་ཡོད་པ་དང་། མང་ཚོགས་རྣམས་ཀྱི་སེམས་མི་བདེ་དང་འཇིགས་སྐྲག་སྐྱེས་པ་སོགས་བསམ་པའི་གནོད་པ་ཐེབས་ཡོད། མང་ཚོགས་དེ་དག་གིས་རྒྱལ་ཁབ་ཀྱིས་མི་རེར་འཇར་སྒོར་འབུམ་གཅིག་རེའི་གྱོང་གུད་སྐྱིན་ཚབ་སྤྲོད་དགོས་པའི་རེ་བ་བཏོན་ཡོད། 
ཞུ་སྦྱོར་སྔ་མའི་ཁོངས་མི། སྔོན་ཆད་ཀྱི་ཁྲིམས་དཔོན་ཞཱ་ཙེ་ཡོ་ཧྥུའུ་ཡིས་བསྟན་དོན། འདི་ནི་རྒྱལ་དམངས་དང་རྒྱལ་ཁབ་བར་གྱི་ཞུ་གཏུག་ཅིག་ཡིན་པ་དང་། ཁྲིམས་དཔོན་དག་གིས་བློ་སྤོབས་ཆེན་པོས་དྲང་བདེན་གྱི་བརྡར་གཅོད་བྱེད་དགོས་པའི་རེ་བ་བཏོན། 
བསྒྲགས་པ་ལྟར་ན། ཐེངས་འདིའི་ཞུ་སྦྱོར་སྔ་མར་བསྡོམས་པས་མི་བརྒྱ་དང་ཞེ་གསུམ་ཡོད་པ་དང་། སོ་སོར་འཇར་པན་གྱི་ཨེ་ཀྲི་རྫོང་དང་ཆུས་ཧྥུའུ་རྫོང་། སན་ཁྲོན་རྫོང་བཅས་ནས་ཡོང་བ་ཡིན་པ་དང་། ལོ་སུམ་ཅུ་ནས་ལོ་བརྒྱད་ཅུའི་བར་གྱི་མི་ཏག་ཏག་རེད། འཇར་པན་གྱི་ནོར་པེ་ཨར་དངོས་ལུགས་བྱ་དགའ་ཐོབ་མཁན་ཡེ་ཁྲོན་མཱེན་དབྱིན་ཡང་ཞུ་སྦྱོར་སྔ་མའི་གྲས་སུ་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།