ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱིས་ཨ་ཧྥུའུ་ཧན་ཤར་ཕྱོགས་ས་ཁུལ་ནས་བྱུང་བའི་རང་སྲོག་གཅོད་པའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རོགས་སྐྱོར་ཚོགས་པས་ཚེས་གསུམ་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཉིན་དེར་ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ཕཱ་ཁི་ཏིས་ཡའ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཅཱ་ཏི་ཙི་ནས་ཧྲི་ཡེ་ཕྱོགས་ཁག་གི་དབྱི་སི་ལན་ཆོས་ཁང་ལ་དམིགས་པའི་རང་སྲོག་གཅོད་པའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་། 

ལས་ཁུངས་དེའི་འགན་ཁུར་བ་ཧྲན་པིན་ཀྲུང་ཐུང་གིས་བཤད་རྒྱུར། མི་སེར་དཀྱུས་མ་ཐེངས་འདིའི་འཇབ་རྒོལ་གྱི་དམིགས་འབེན་དུ་གྱུར་བར་རྒྱུ་མཚོན་ཅི་ཡང་བརྗོད་དུ་མེད། དབྱི་སི་ལན་ཆོས་ཁང་ལ་འཇབ་རྒོལ་བྱེད་པའི་བྱ་སྤྱོད་དེ་ན་བླུན་རྨོངས་ཀྱི་བྱ་སྤྱོད་ཅིག་ཡི་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་ནང་དོན་དང་རྩ་བ་ནས་འགལ་ཡོད་ཟེར། ཁོས་བསྟན་དོན། ཐེངས་འདིའི་དྲག་ཤུགས་བྱ་སྤྱོད་དེས་འཐབ་འཁྲུག་ནག་ཉེས་གྲུབ་ཡོད་པ་དང་། འཇབ་རྒོལ་ལ་ཞུགས་པའི་མི་སྣས་ངེས་པར་དུ་བཅའ་ཁྲིམས་ཀྱི་གྲོས་ཆོད་དང་ལེན་བྱེད་དགོས་ཟེར། 
གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་ལས་མི་སེར་དཀྱུས་མར་འཇབ་རྒོལ་བྱེད་པ་དང་མི་སེར་དཀྱུས་མའི་རྒྱུ་ནོར་ལ་གྱོང་གུད་བཟོ་བའི་བྱ་སྤྱོད་ལ་གཏན་འགོག་གསལ་བོ་བྱས་ཡོད་པ་དང་། ཞོར་དུ་འཁྲུག་རྩོད་ཕྱོགས་ཁག་སོ་སོས་མང་ཚོགས་དག་ཆོས་ལུགས་བྱ་འགུལ་ནང་ཞུགས་པའི་ཁེ་དབང་ལ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར། 
ཚེས་གསུམ་ཉིན་གྱི་ཕྱི་དྲོར། རང་སྲོག་གཅོད་པའི་འཇབ་རྒོལ་མཁན་གཉིས་ཅཱ་ཏི་ཙི་གྲོང་ཁུལ་གྱི་ཧྲི་ཡེ་ཕྱོགས་ཁག་གི་དབྱི་སི་ལན་ཆོས་ཁང་ཞིག་ཏུ་ཡོང་ནས་རང་ལུས་ཀྱི་འགད་རྫས་འགས་གཏོར་བཏང་སྟེ། མི་སྣར་ཤི་རྨས་ཚབས་ཆེན་བཟོས་པ་རེད། འགས་གཏོར་འཇབ་རྒོལ་དེ་ལས་ཉུང་མཐར་ཡང་མི་སོ་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱད་ཅུར་རྨས་ཕོག འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་ངེས་རེད་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།