ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་ཁྲིམས་འགལ་གྱི་འདེམ་ཤོག་ཡང་བསྐྱར་རྩིས་ལེན་བྱེད་པའི་བྱ་བ་ཡོངས་འགྲུབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་སྒེར་ཚུགས་མཐོ་རིམ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་དྲུག་ཉིན་ཁྱབ་སྒྲོག་བྱས་དོན། རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་ཁྲོད་ཁྲིམས་འགལ་གྱི་འདེམ་ཤོག་དག་ཡང་བསྐྱར་རྩིས་ལེན་བྱེད་པའི་བྱ་བ་མཇུག་སྒྲིལ། 

དབྱི་རག་སྒེར་ཚུགས་མཐོ་རིམ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་ཧཱ་མུའུ་ཀྲ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཡང་བསྐྱར་རྩིས་ལེན་བྱེད་པར་ལྟ་རྟོག་བྱེད་པའི་ཁྲིམས་དཔོན་དགུ་ཡིས་ཉིན་དེར་འབྲེལ་ཡོད་བྱ་བ་མཇུག་སྒྲིལ་ཡོད་ཟེར། 
ཟླ་དྲུག་པའི་ཚེས་བཅུའི་ཉིན། པཱ་ཀ་ཏཱའི་ལུའུ་སཱ་ཧྥ་ས་ཁུལ་དུ་འདེམ་ཤོག་སྒམ་གསོག་ཉར་བྱས་པའི་མཛོད་ཁང་མེར་ཤོར་བའི་དོན་རྐྱེན་ལ་དམིགས་ཏེ། དབྱི་རག་སྒེར་ཚུགས་མཐོ་རིམ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཁྱབ་སྒྲོག་བྱས་དོན། མེ་སྐྱོན་ཁྲོད་གནོད་པ་ཐེབས་པའི་འདེམ་ཤོག་གི་སྒམ་བརྒྱད་བརྒྱ་དང་གྱ་གཉིས་ཀྱི་འདེམ་ཤོག་རྩིས་ལེན་བྱེད་རྒྱུ་མིན་ཟེར། 

དབྱི་རག་སྒེར་ཚུགས་མཐོ་རིམ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་གནད་དོན་ཡོད་པའི་འདེམ་ཤོག་ལ་ཡང་བསྐྱར་རྩིས་ལེན་བྱེད་པའི་བྱ་བས་རྒྱལ་དམངས་གྲོས་ཁང་གྲོས་འདེམ་བསྐོའི་མཇུག་འབྲས་ལ་འགྱུར་བ་གཏོང་སྲིད་མིན་དང་། དུས་ནམ་ཞིག་ལ་ཡང་བསྐྱར་རྩིས་ལེན་བྱས་རྗེས་ཀྱི་མཇུག་འབྲས་ཁྱབ་སྒྲོག་བྱེད་རྒྱུ་ཡིན་པ་གསལ་བོར་བརྗོད་མེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།