ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་དབྱི་ལིང་བར་ཉོ་ཚོང་འབྲེལ་བ་ཡོད་མཁན་ཚོས་ཨ་མེ་རི་ཁའི་བར་ཚོང་ལས་འབྲེལ་བ་བྱེད་ཐབས་མེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བདུན་ཉིན་བཤད་རྒྱུར། དབྱི་ལིང་བར་ཚོང་ལས་འབྲེལ་བ་གང་རུང་ཡོད་མཁན་དག་གིས་ཨ་མེ་རི་ཁའི་བར་ཚོང་ལས་འགྲོ་འོང་བྱེད་ཐབས་མེད་ཟེར། 

ཁོས་ད་རུང་བསྟན་དོན། ཨ་མེ་རི་ཁས་དབྱི་ལིང་ལ་ལག་བསྟར་བྱས་པའི་བཀག་སྡོམ་བྱེད་ཐབས་དངོས་སུ་སླར་གསོ་བྱས་པ་དང་། དེ་ནི་ད་ལྟའི་བར་ཨ་མེ་རི་ཁས་དབྱི་ལིང་ལ་ལག་བསྟར་བྱས་པའི་བཀག་སྡོམ་བྱེད་ཐབས་ཆེས་ནན་མོ་ཞིག་ཡིན་ལ། ད་ལོའི་ཟླ་བཅུ་གཅིག་པར་བཀག་སྡོམ་བྱེད་ཐབས་དེ་ཆུ་ཚད་གསར་བ་ཞིག་ཏུ་ཇེ་མཐོར་གཏོང་རྒྱུ་ཡིན་ཟེར། 
དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཚེས་དྲུག་ཉིན་གྱི་དགོང་མོར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དབྱི་ལིང་གིས་ནམ་རྒྱུན་ཕྱི་འབྲེལ་གྱི་ཐབས་ལམ་དང་གྲོས་མོལ་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད། གལ་ཏེ་དབྱི་ལིང་དང་གྲོས་མོལ་བྱེད་འདོད་ན། ཨ་མེ་རི་ས་ལྷག་བསམ་རྣམ་པར་དག་པའི་རྣམ་འགྱུར་སྟོན་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།