ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ནས་གྲུ་གཟིངས་རྒྱ་མཚོར་ནུབ་པའི་དོན་རྐྱེན་ཞིག་བྱུང་སྟེ་མི་དགུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཨེ་ཆིན་མཚོ་མོའི་མཚོ་ཁོངས་སུ་ཚེས་དགུའི་ཉིན་གྲུ་གཟིངས་ནུབ་པའི་དོན་རྐྱེན་ཞིག་བྱུང་སྟེ། མི་དགུ་རྐྱེན་ལམ་དུ་ཤོར། 

བསྒྲགས་པ་ལྟར་ན། ཐེངས་འདིའི་དོན་རྐྱེན་དེ་ཐུར་ཁེའི་ལྷོ་ནུབ་ཕྱོགས་ཀྱི་ཨེ་ཏིན་ཞིང་ཆེན་ཉེ་འདབས་ཀྱི་མཚོ་ཁོངས་ནས་བྱུང་བ་དང་། གྲུ་གཟིངས་སྟེང་དུ་ཞི་ལཱ་རུ་བགྲོད་རྩིས་ཡོད་པའི་ཡུལ་གྱར་བ་བཅུ་གསུམ་དྲུད་ཡོད། དོན་རྐྱེན་བྱུང་རྗེས། གྲུ་གཟིངས་སྟེང་གི་མི་བཞི་སྲོག་ཉེན་ལས་སྐྱོབ་ཐུབ་པ་བྱུང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།