ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་སྲིད་གཞུང་གིས་ཧན་གོ་དང་ཁྲའོ་ཞན་གྱི་མཐོ་རིམ་གྲོས་མོལ་གཟའ་འཁོར་རྗེས་མར་པན་མིན་མགྲོན་ཁང་གི་ཁྲའོ་ཞན་ཕྱོགས་ཀྱི་གཅིག་གྱུར་ལས་དོན་ཁང་ནས་སྤེལ་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་གཅིག་གྱུར་པུའུ་ཡིས་ཚེས་དགུའི་ཉིན་ཁྱབ་སྒྲོག་བྱས་དོན། ཧན་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱིས་ཟླ་འདིའི་ཚེས་བཅུ་གསུམ་ཉིན་པན་མིན་མགྲོན་ཁང་གི་ཁྲའོ་ཞན་ཕྱོགས་ཀྱི་གཅིག་གྱུར་ལས་དོན་ཁང་ནས་མཐོ་རིམ་གྲོས་མོལ་སྤེལ་ཏེ། པན་མིན་མགྲོན་ཁང་གི་བསྒྲགས་གཏམ་ལག་བསྟར་བྱེད་པའི་ཇུས་གཞིར་གྲོས་མོལ་བྱེད་རྒྱུ་ཡིན་ཟེར། 

ཧན་གོའི་གཅིག་གྱུར་པུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། ཁྲའོ་ཞན་ཕྱོགས་ཀྱིས་ཉིན་དེའི་སྔ་དྲོར་ཧན་གོར་ཚེས་བཅུ་གསུམ་ཉིན་མཐོ་རིམ་གྲོས་མོལ་སྤེལ་ནས། པན་མིན་མགྲོན་ཁང་གི་བསྒྲགས་གཏམ་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་དང་། ཁྲའོ་ཞན་དང་ཧན་གོའི་མགོ་ཁྲིད་པའི་གྲོས་མོལ་གྱི་གྲ་སྒྲིག་གནས་ཚུལ་སོགས་ལ་གྲོས་བསྡུར་བྱེད་རྒྱུའི་གྲོས་གཞི་བཏོན་པ་དང་། ཧན་གོ་ཕྱོགས་ཀྱིས་གྲོས་གཞི་དེ་དང་ལེན་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།