ཐི་ལིང་ཕུའུ་ཡིས་ཐུར་ཁེའི་རྣོ་ལྕགས་དང་ཧ་ཡང་ཐོན་རྫས་ཀྱི་ནང་འདྲེན་སྒོ་ཁྲལ་ལྡབ་གཅིག་གིས་ཇེ་མཐོར་གཏོང་རྒྱུ་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བཅུ་ཉིན་བཤད་རྒྱུར། ཐུར་ཁེའི་དངུལ་ལོར་ལི་ལཱ་དང་ཨ་སྒོར་བར་གྱི་བསྡུར་ཚད་ཇེ་དམའ་རུ་སོང་བར་དམིགས་ཏེ། ཁོས་བཀའ་རྒྱ་བཏང་སྟེ་ཐུར་ཁེའི་རྣོ་ལྕགས་དང་ཧ་ཡང་ཐོན་རྫས་ཀྱི་ནང་འདྲེན་སྒོ་ཁྲལ་ལྡབ་གཅིག་ཇེ་མཐོར་གཏོང་རྒྱུ་ཡིན་ཟེར།

ཐི་ལིང་ཕུའུ་ཡིས་ནན་གྱིས་བསྟན་དོན། ཨ་མེ་རི་ཁ་དང་ཐུར་ཁེའི་མིག་སྔའི་འབྲེལ་བ་བཟང་རྒྱུ་མེད་ཟེར། 
ཐི་ལིང་ཕུའུ་ཡིས་ཐུར་ཁེའི་སྲིད་གཞུང་གི་འཐུས་ཚབ་ཚོགས་པས་ཝ་ཧྲིན་ཐོན་དུ་འཚམས་འདྲིར་ཡོང་ནས་ཨ་མེ་རི་ཁའི་བར་ཉེ་སྔོན་ཛ་དྲག་ཏུ་འགྱུར་བའི་ཨ་མེ་རི་ཁ་དང་ཐུགར་ཁེའི་འབྲེལ་བར་གྲོས་བསྡུར་བྱེད་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། 

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ནོའུ་ཨར་ཐི་ཡིས་ཚེས་དགུའི་ཉིན་སྤེལ་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་དང་འཚམས་འདྲིར་ཡོང་བའི་ཐུར་ཁེའི་སྲིད་གཞུང་གི་དཔོན་རིགས་ཀྱིས་གྲོས་གཞི་རབ་དང་རིམ་པར་གྲོས་མོལ་བྱས་པ་དང་། ཨ་མེ་རི་ཁ་ཕྱོགསག་ཀྱིས་ཐུར་ཁེ་ཕྱོགས་ཀྱིས་བཀག་འཇུག་བྱས་པའི་ཨ་མེ་རི་ཁའི་ཆོས་དཔོན་པུའུ་ལོན་སིན་ཨ་མེ་རི་ཁར་ཡོང་དུ་འཇུག་དགོས་པའི་རེ་བ་གསལ་བོ་བཏོན་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།